འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་12ཉིན།

༄༅།།འབྲི་ཆུའི་འཁྱིལ་མཚོའི་ཆུ་ཁ་མུ་མཐུད་མཐོ་རུ་སོང་བ། 

ཨར་ལས་པས་ཆུ་གཤོང་ཤུར་ཁ་འདྲུ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་12ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་བཅིངས་འགྲོལ་དམག་གི་འབུམ་ཤོག་ཆེ་མོ་ཞིག་གི་ཉེན་སེལ་གེགས་སེལ་མི་སྣས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྤོ་ལོ་ཤང་དུ་སྒོ་ཟམ་སྒྲིག་སྦྱོར་བྱས་ནས་འབྲི་ཆུའི་འཁྱིལ་མཚོར་སྔོག་འདོན་འཕྲུལ་ཆས་འདྲེན་རྩིས་བྱེད་པའི་གནས་ཚུལ་ཡིན་པ།
འདི་ནི་བཅིངས་འགྲོལ་དམག་གི་འབུམ་ཤོག་ཆེ་མོ་ཞིག་གི་ཉེན་སེལ་གེགས་སེལ་མི་སྣས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྤོ་ལོ་ཤང་དུ་སྒོ་ཟམ་སྒྲིག་སྦྱོར་བྱས་ནས་འབྲི་ཆུའི་འཁྱིལ་མཚོར་སྔོག་འདོན་འཕྲུལ་ཆས་འདྲེན་རྩིས་བྱེད་པའི་གནས་ཚུལ་ཡིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཆུ་བེད་པུས་རྒྱུག་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་པའི་ཐོག་ནས་མངོན་པར། ཚེས་10ཉིན་གྱི་ཆུ་ཚོད་ཉི་ཤུ་བར་དུ་འབྲི་ཆུའི་འཁྱིལ་མཚོ་རིམ་རྩིས་བྱས་ན་ཆུ་ཁ་སྨི་55.51མཐོ་རུ་སོང་བ་དང་ཞིབ་དཔྱད་བྱས་པ་བརྒྱུད་འཁྱིལ་མཚོ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་4.42ཟིན་ཡོད། མིག་སྔར་གེགས་སེལ་བྱ་ཡུལ་དུ་ཆུ་གཤོང་ཤུར་ཁ་འདྲུ་བཞིན་ཡོད།
     ཀྲུང་གོའི་ཨན་ནུས་འཛུགས་སྐྲུན་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཚོགས་པ་དེས་སྤྱི་ཁྱབ་པུའི་ལག་རྩལ་རིགས་གཅིག་མཁས་ཅན་དང་ཁོངས་གཏོགས་ཀྱི་ལས་གྲྭ་ཅུས་གསུམ་པས་ཆུ་དཔྱད་དང་། ས་གཤིས། འབར་གཏོར། འཕྲུལ་ཆས་ཆེ་རིགས་བཀོལ་སྤྱོད་སོགས་ཀྱི་ལག་རྩལ་པ་73ཟུར་འཐེན་བྱས་པ་དང་། མི་སྣ་དེ་དག་རུ་ཁག་གཉིས་ཀྱི་རྣམ་པའི་ཐོག་ནས་གེགས་སེལ་བྱ་ཡུལ་དུ་སྔ་རྗེས་སུ་འབྱོར་བ། ལས་གྲྭའི་ཉེན་སེལ་སྒྲིག་ཆས་ཆ་ཚང་16འཁྱིལ་མཚོ་ཆགས་ཡུལ་དུ་སྔ་རྗེས་སུ་འབྱོར་བ་དང་སྦྲགས་ཆུ་གཤོང་ཤུར་ཁའང་འདྲུ་བཞིན་ཡོད་པ་རེད།
     ཕྱོགས་ཁག་གི་ཨར་ལས་པས་ཉིན་མཚན་མེད་པར་འགག་སྒྲོལ་བྱས་པ་བརྒྱུད་ཚེས་10ཉིན་གྱི་ཆུ་ཚོད་བཅུ་དགུ་བར་ཆུ་གཤོང་ཤུར་ཁའི་རིང་ཚད་སྨི་220ཟིན་པ་དང་། ཆུ་གཤོང་ཤུར་ཁའི་ཁ་ཞེང་སྨི་42དང་ཞབས་མཐིལ་གྱི་ཞེང་ཚད་སྨི་3ཟིན་པ། ཆ་སྙོམས་གཏིང་ཚད་སྨི་11.5ཟིན་པ། གཟར་ཚད་1:1.3ཙམ་ཟིན་པ། ཆུ་གཤོང་ཤུར་ཁ་འདྲུ་ཚད་རྒྱ་དཔངས་གྲུ་བཞི་མ་26000ཙམ་ཟིན་པ། འདམ་རྡོ་སྔོག་འདོན་བྱེད་ཚད་རྒྱ་དཔངས་གྲུ་བཞི་མ་59000ཙམ་ཟིན་པ། རིམ་རྩིས་བྱས་ན་ས་རྡོ་རྒྱ་དཔངས་གྲུ་བཞི་མ་85000སྔོག་འདོན་བྱས་ཡོད།
     གསར་འགོད་པར་འབྲི་ཆུའི་འཁྱིལ་མཚོའི་ཆུ་སྟོད་དུ་ཡོད་པའི་བོད་རང་སྐྱོང་ལྗོངས་འཇོ་མདའ་རྫོང་སྤོ་ལོ་ཤང་ནས་མཐོང་བར། ཤང་སྲིད་གཞུང་གནས་ཡུལ་སྤྱིར་ན་འཁྱིལ་མཚོས་བསྣུབས་པ་དང་སྤོ་ལོ་ཤང་དུ་སྐྱོད་སའི་གཞུང་ལམ་འགག་ཡོད། སྤོ་ལོ་ཤང་གི་ཤང་ཀྲང་ཏོན་ཤུས་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཤང་དེ་ཡོངས་ཀྱི་འཇིག་ཉེན་འཕྲད་པའི་ས་ཁུལ་གྱི་མང་ཚོགས་ས་བབ་ཅུང་མཐོ་སར་གནས་སྤོ་བྱས་པ་དང་དམངས་སྲིད་སྡེ་ཚན་གྱིས་གནས་སྤོས་མང་ཚོགས་ལ་གུར་དང་། ཕོ་ཁེབས། བཟའ་བཅའ། འཐུང་ཆུ་སོགས་གེགས་སེལ་དངོས་རྫས་མཁོ་འདོན་བྱས་ཡོད། ས་གནས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ལས་དོན་རུ་ཁག་བཙུགས་ནས་བཀོད་སྒྲིག་ས་ཚིགས་སུ་ཡོད་པའི་མང་ཚོགས་ལ་སེམས་གསོ་བྱས་པ་དང་འབྲེལ་གྲོང་ཚོ་དང་དུད་ཚང་རེ་རེ་བཞིན་འདྲི་རྩད་བྱས་ཏེ་འཇིག་ཉེན་འཕྲད་ཁུལ་དུ་མི་ལུས་ཡོད་མིན་ཤེས་རྟོགས་བྱས་ཡོད།