འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་12ཉིན།

༄༅།།འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་ལྔ་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་12ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ཝུའུ་ཀྲེན་དུ་འཛམ་གླིང་དྲ་སྦྲེལ་གྱི་ཚོགས་ཆེན་སྐབས་ལྔ་པ་གྲོལ་ཞིང་། གསར་འགོད་པས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། སྐབས་དེའི་ཚོགས་ཆེན་ཐོག་བསམ་བློ་བརྗེ་རེས་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལག་རྩལ་འགྲེམས་སྟོན། དཔལ་འབྱོར་ཚོང་དོན་མཉམ་ལས་སོགས་ལ་གཡུར་ཟའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད་པ་རེད།
         ཚེས་7ཉིན་ནས་ཚེས་9ཉིན་བར། རྒྱལ་ཁབ་དང་ས་ཁུལ་76གི་སྲིད་གཞུང་གི་འཐུས་མི་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ཀྲུང་ཕྱིའི་དྲ་སྦྲེལ་ཁེ་ལས་ཀྱི་སྣེ་ཁྲིད་མི་སྣ། སྐད་གྲགས་ཡོད་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་སྐུ་མགྲོན་1500ཝུའུ་ཀྲེན་དུ་འཛོམས་ནས“ཕན་ཚུན་ཡིད་ཆེས་དང་མཉམ་བཅོས་ཀྱི་གྲངས་འཛིན་འཛམ་གླིང་སྐྲུན། མཉམ་དུ་ལག་གདང་སྦྲེལ་ནས་དྲ་སྦྲེལ་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་དྲ་རྒྱའི་བར་མཐོངས་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོ་དང་ཇུས་གཞི་ཆེ་མོར་གྲོས་བསྡུར་བྱས་ནས་གོ་ལ་ཧྲིལ་པོའི་དྲ་སྦྲེལ་འཕེལ་རྒྱས་བཅོས་སྒྲིག་བརྒྱུད་རིམ་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་བསྣན་ནས་ལེགས་སྐྱེས་གསར་པ་ཕུལ་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་དེའི་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ་དང་། རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས། འཛམ་གླིང་དཔལ་འབྱོར་གླེང་སྟེགས། གོ་ལ་ཧྲིལ་པོའི་སྒུལ་བདེ་འཕྲིན་གཏོང་མ་ལག་མཐུན་ཚོགས་བཅས་ཀྱིས་གཉེར་བ་དང་གོ་ལ་ཧྲིལ་པོའི་དྲ་སྦྲེལ་ཁྱབ་ཁོངས་ཀྱི་འཐུས་མི་གདན་ཞུ་བྱས་ནས་རྒྱལ་སྤྱིའི་དྲ་སྦྲེལ་ཁྱབ་ཁོངས་ཀྱི་གཞི་རྒྱུ་གསར་པ་རྒྱ་ཁྱབ་ངང་བསྡུས་ཡོད།
       གླེང་རིན་ཡོད་པ་ཞིག་ལ། ཝུའུ་ཀྲེན་རིག་ནུས་ཅན་གྱི་བཀོལ་སྤྱོད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དེས་ཚོགས་ཆེན་གྱི་ཞབས་ཞུའི་སྒྲིག་ཆས་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཚོགས་ཆེན་རིང་5Gམྱོང་རོལ་རླངས་འཁོར་དང་། ངོ་བཤེར་བྱས་ནས་ཚོགས་རར་འཛུལ་བ། ངོ་བཤེར་དངུལ་སྤྲོད་སོགས་རིག་ནུས་ཅན་གྱི་རྣམ་གྲངས་40ཙམ་སྤྱད་པ་དང་ཝུའུ་ཀྲེན་འདི་ཉིད་གྲངས་འཛིན་དཔལ་འབྱོར་གྱི་ཚན་རྩལ་གྲུབ་འབྲས་གསར་ཤོས་མངོན་པའི“ཕྱོགས་མང་མྱོང་རོལ་གནས”སུ་གྱུར་ཡོད་པ་རེད།