འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་12ཉིན།

༄༅།།ཁྲའོ་ཞན་པར་གཞིའི་གླུ་གཞས་ཟློས་གར《བུ་མོ་སྐྲ་དཀར་ལྷ་མོ》ཕོང་དབྱང་ཟློས་གར་ཁང་དུ་འཁྲབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་12ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         《བུ་མོ་སྐྲ་དཀར་ལྷ་མོ》ཞེས་པའི་གཏམ་རྒྱུད་དེ་ཀྲུང་གོར་ཀུན་གྱིས་ཤེས་པ་ཞིག་ཡིན། ཁྲའོ་ཞན་པར་གཞིའི་གླུ་གཞས་ཟློས་གར《བུ་མོ་སྐྲ་དཀར་ལྷ་མོ》དེ་ཁྲའོ་ཞན་གྱི་རྩོམ་པ་པོ་གྲགས་ཅན་དང་འཁྲབ་གཞུང་འབྲི་མཁན་ཕིའོ་ཅིང་ཤིན་གྱིས་སྒྲིག་བཟོ་བྱས་པ་ཞིག་ཡིན་ལ་ཅིན་རི་ཁྲེང་བྱ་དགའ་ཐོབ་མཁན་མི་དམངས་ཀྱི་སྒྱུ་རྩལ་མཁས་ཅན་ཚའེ་མིང་ཤིས་འཁྲབ་ཁྲིད་པ་བྱས་པ་དང་། ཞུའེ་ཧའེ་གླུ་གཞས་ཟློས་གར་ཚོགས་པའི་གླུ་གཞས་མཁས་ཅན་དང་། ཞབས་བྲོ་འཁྲབ་མཁན། མཉམ་སྒྲོག་རོལ་མོ་ཚོགས་པ་བཅས་ཀྱིས་མཉམ་དུ་འཁྲབ་པ་ཞིག་ཡིན།