འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་12ཉིན།

༄༅།།ལོ་སིའི་འགོ་ཁྲིད་མི་སྣ་པེན་དབྱང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལོ་སིའི་འཕེལ་རྒྱས་
འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་12ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པེན་དབྱང·ཝོ་ལ་ཅིས། ལོ་སི་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལོ་སིའིའཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།
         པེན་དབྱང་གིས་དེ་ཉིན་གསར་དུ་བསྐོས་པའི་ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཙའེ་ཏུང་གིས་རྒྱལ་ཡིག་སྤྲོད་སྐབས་ཁོང་གིས་ལོ་སིའི་ཏང་དང་སྲིད་གཞུང་གིས་ཀྲུང་གོས་ལོ་སིའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་སིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལོ་ཀྲུང་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་བདེ་བླག་ངང་ལག་ལེན་བསྟར་རྒྱུར་འགན་ལེན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་དེ་བས་མང་བ་གཏོད་འདོད་ཡོད་ཅེས་བཤད་པ་རེད།
         ཅང་ཙའེ་ཏུང་གིས་ལོ་སི་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་གྱི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཏན་ཏིག་དང་ཁྱབ་ཁོངས་ཁག་གི་དོན་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།