འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་12ཉིན།

༄༅།།ཀྲུང་གོའི་ཁེ་ལས་མཁས་ཅན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་དུས་རབས་གསར་པའི་ཀྲུང་གོའི་གསར་གཏོད་ཀྱི་གཏམ་རྒྱུད་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་12ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་2018ལོའི་གོ་ལ་ཧྲིལ་པོའི་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲིའི་དབུ་ཚོགས་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་ཤིང་། ཀྲུང་གོའི་ཁེ་ལས་མཁས་ཅན་སྐུ་ཚབ་ཀྱིས་ཁེ་ལས་དང་ཁེ་ལས་མཁས་ཅན་གྱིས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་གང་འདྲ་བྱས་ཏེ་ཁུར་དགོས་མིན་སྐོར་ཚོགས་ཞུགས་མི་སྣ་དང་སྤེལ་རེས་བྱས་པ་དང་ཆབས་ཅིག་རང་རང་སོ་སོའི་དུས་རབས་གསར་པའི་ཀྲུང་གོའི་གསར་གཏོད་ཀྱི་གཏམ་རྒྱུད་ཀྱང་བརྗོད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་དང་། སྲིད་གཞུང་མིན་པའི་རྩ་འཛུགས། རྒྱལ་ཁབ་ཁག་གི་ཁེ་ལས་ལས་རིགས་བཅས་ཀྱི་སྐུ་ཚབ་བརྒྱ་ཙམ་གྱིས་ཉིན་དེའི་རྒྱལ་ཁབ་ཁག་གི་ཁེ་ལས་དང་ཁེ་ལས་མཁས་ཅན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་གཞིར་བཟུང་། ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་གང་འདྲ་བྱས་ཏེ་ཁུར་དགོས་མིན་སྐོར་སྤེལ་རེས་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད།
        མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་མིན་པའི་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་པུའུ་ལུའུ་སི·ནོ་ཚི་ཡིས་བརྙན་ལམ་བརྒྱུད་གཏམ་བཤད་སྤེལ་སྐབས“རྒྱུན་མཐུད་འཕེལ་རྒྱས་ནི་རྒྱང་རྒྱུག་ལྟ་བུ་ཞིག་ལས་ཐུང་རྒྱུག་གི་མཐའ་མའི་གདོང་མཆོང་ཞིག་མིན། ད་རེས་ཀྱི་བྱེད་སྒོ་དེ་ང་ཚོས་ལེ་དབར་སྟོང་གི་སར་སྐྱོད་པའི་གོམ་པ་དང་པོར་འགྱུར་རྒྱུའི་རེ་བ་ཡོད”ཅེས་བརྗོད།
        མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་གཡོད་ཧན·ཨའེ་ལོན་གྱིས“དེང་དུས་ཀྱི་འཛམ་གླིང་ལ་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཡོད་པའི་ཁེ་ལས་མཁས་ཅན་དེ་བས་མང་བ་དགོས་ཀྱི་ཡོད། དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན། ཀྲུང་གོའི་ཁེ་ལས་མཁས་ཅན་དེ་བས་མང་བས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཧུར་ཐག་ཁུར་བ་མཐོང་སྐབས་རང་ཉིད་ཧ་ཅང་དགའ་པོ་བྱུང་། དེ་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་བྱ་གཞག་གི་ངོས་ནས་བརྗོད་ན་གཏམ་བཟང་ཆེན་པོ་ཞིག་རེད”ཅེས་བརྗོད།
        གོ་ལ་ཧྲིལ་པོའི་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཐེབས་རྩ་ཚོགས་པའི་སྲོལ་གཏོད་པ་ཀྲའོ་ཅིང་གིས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་དེ་འབྱུང་འགྱུར་འཕེལ་རྒྱས་ཀྱི་གཙོ་ཁྲིད་ནུས་པ་ཞིག་ཏུ་འགྱུར་རྒྱུ་ཡིན། ཁེ་ལས་དང་། སྒྲིག་གཞི། སྲིད་གཞུང་མིན་པའི་རྩ་འཛུགས་བཅས་ཀྱིས“རྒྱུན་མཐུད་འཕེལ་རྒྱས་ལ་ཕན་པའི”ཚོང་ལས་བྱ་ཐབས་སྤྱད་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ཕན་འབྲེལ་བ་ཡོད་མཁན་ཚང་མར་དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་ཐད་ཀྱི་ཕན་པ་ཐོབ་ཐབས་བྱེད་དགོས་ཞེས་བརྗོད།
        ད་རེས་ཀྱི་དབུ་ཚོགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགྱུར་པུའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་ལག་བསྟར་ཨུ་ལྷན་དང་། གོ་ལ་ཧྲིལ་པོའི་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཐེབས་རྩ་ཚོགས་པ། ཨོ་ཡིའུ་མནའ་འབྲེལ་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་རེད། ཉིན་དེར་གཙོ་གཉེར་སྒྲིག་གཞིས《སྤྱི་ཚོགས་ལ་ཤུགས་རྐྱེན་ལྡན་པའི་ལས་གཏོད་བྱ་སྤྱོད》དང་། 《གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་སློབ་གསོའི་བྱ་སྤྱོད》《གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་མ་འཇོག་བྱ་སྤྱོད》བཅས་མཉམ་འབྲེལ་བྱ་སྤྱོད་གསུམ་གྱི་བསྒྲགས་གཏམ་ཐུན་མོང་ཐོག་སྤེལ་བ་རེད།