འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་10ཉིན།

༄༅།།གཟི་ཚ་སྡེ་དགུའི་གཙང་རྩ་སློབ་ཆུང་གི་གེགས་རྗེས་བསྐྱར་སྐྲུན་ལེགས་གྲུབ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་10ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་གཟི་ཚ་སྡེ་དགུ་རྫོང་གཙང་རྩ་སློབ་ཆུང“8·8”ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་གྲྭ་ལེགས་གྲུབ་ཟིན་ནས་ཉིན་ཤས་གོང་གཟི་ཚ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་དུ་ལས་མཇུག་འགྲིལ་བའི་མཛད་སྒོ་འཚོགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “8·8”ཀྱི་གཟི་ཚ་སྡེ་དགུའི་ས་ཡོམ་གྱི་གནོད་འཚེ་ཕོག་རིང་གཙང་རྩ་གྲོང་རྡལ་སློབ་ཆུང་ས་ཡོམ་གྱི་གས་ཚད་རིམ་པ་དགུའི་ཁུལ་དུ་གནས་ནས་སློབ་གྲྭའི་ཁང་པར་གནོད་འཚེ་ཚབས་ཆེན་ཕོག་པ་དང་གནོད་འཚེ་ཕོག་པའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་7947ཟིན་ཞིང་། གསལ་འབྱེད་བྱས་པ་བརྒྱུད། གཙང་རྩ་གྲོང་རྡལ་སློབ་ཆུང་གེགས་རྗེས་བསྐྱར་སྐྲུན་གྱི་རྣམ་གྲངས་སུ་བཅུག་ནས་གཟི་ཚ་སྡེ་དགུ་རྫོང་གི་གེགས་རྗེས་བསྐྱར་སྐྲུན་གྱི་གཙོ་གནད་ལས་གྲྭའི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།
         སྔར་གནས་སུ་བསྐྱར་སྐྲུན་བྱས་པའི་གཙང་རྩ་གྲོང་རྡལ་སློབ་ཆུང་གི་འཆར་འགོད་ཀྱི་མ་དངུལ་བསྡོམས་འབོར་སྒོར་ཁྲི་3902ཟིན་པ་དང་། སློབ་གྲྭའི་ཁང་པའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་9600དང་ལུས་རྩལ་ཐང་སྨི་ངོས་གྲུ་6438དང་། གྱང་དང་། ལམ། མདོང་ལམ། སྔོ་འགྱུར་སོགས་ལེ་ལག་ཚང་བའི་ཞོར་གཏོགས་ལས་གྲྭ་གསར་སྐྲུན་བྱས་པ་མ་ཟད། འཕྲལ་སྡོམ་ཉེན་གཡོལ་དང་། འཕྲལ་སྡོམ་གེགས་སྐྱོབ་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་དང་། དེ་བཞིན་སློབ་གསོ་སློབ་ཁྲིད་དང་བྱེད་ནུས་ཁང་གི་སྒྲིག་ཆས་ཉོ་སྒྲུབ་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།