འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་10ཉིན།

༄༅།།ཀྲུང་ཨུས་མཉམ་འབྲེལ་ཐོག་ཞིབ་བཟོ་བྱས་པའི་CR929ཁ་ཞེང་ཆེ་བའི་གནམ་གྲུའི་དཔེ་དབྱིབས་ཐོག་མར་སྟོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་10ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          2018ལོའི་ཀྲུའུ་ཧའེ་ཡི་མཁའ་འགྲུལ་འགྲེམས་སྟོན་ཐོག ཀྲུང་ཨུས་མཉམ་འབྲེལ་ཐོག་ཞིབ་བཟོ་བྱས་པའི་CR929ཁ་ཞེང་ཆེ་བའི་གནམ་གྲུའི་དཔེ་དབྱིབས་སྤྱི་དམངས་ལ་ཐོག་མར་སྟོན་པ་དེ་ནི་CR929འགྲུལ་སྐྱེལ་གནམ་གྲུ་1:1གི་དཔེ་དབྱིབས་རྒྱལ་སྤྱིའི་མཁའ་འགྲུལ་འགྲེམས་སྟོན་ཐོག་སྟོན་ཐེངས་དང་པོ་རེད། དེ་དང་དུས་མཚུངས་ཀྲུང་ཨུའི་རྒྱལ་སྤྱིའི་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིས་CR929རྒྱང་སྐྱོད་ཁ་ཞེང་ཆེ་བའི་འགྲུལ་སྐྱེལ་གནམ་གྲུའི་རྣམ་གྲངས་ཀྱི་ལག་བསྟར་གཙོ་རྐང་ཀྲུའུ་ཧའེ་ཡི་མཁའ་འགྲུལ་འགྲེམས་སྟོན་ནང་ཞུགས་ཐེངས་དང་པོ་རེད། མིག་སྔར་CR929རྣམ་གྲངས་ཐོག་མའི་ཇུས་འགོད་དུས་མཚམས་སུ་སླེབས་པ་དང་། འབྲེལ་ཡོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད།