འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་9ཉིན།

༄༅།།རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གིས། དྲ་སྦྲེལ་ལས་རིག་དངོས་ལ་ཚེ་སྲོག་གསར་པ་ཐོབ་ཡོད།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་09ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། "དུས་རབས་གསར་པར། རིག་དངོས་དང་དྲ་སྦྲེལ་མཉམ་འདྲེས་མཉམ་གནས་བྱས་ཏེ། སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ཡོད།” ཟླ་11ཚེས་8ཉིན། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཁོངས་མི། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཡུས་ཀྲུའུ་ཡིས་ཨུ་ཀྲེན་དུ་འཚོགས་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་ལྔ་པའི“ཀྲུང་གོ་དང་ཕྱི་རྒྱལ་གྱི་པུའུ་ཀྲང་མཐོ་རིམ་གླེང་སྟེགས”ཐོག་འདི་ལྟར་བརྗོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས“དྲ་སྦྲེལ+ཀྲུང་ཧྭ་ཤེས་རིག”གི་རིག་དངོས་དང་དྲ་སྦྲེལ་མཚམས་བརྒལ་མཉམ་འདྲེས་ཀྱི་བྱ་སྤྱོད་འཆར་གཞི་སྤེལ་ནས། དྲ་སྦྲེལ་དང་། སྤྲིན་རྩིས། གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པོ་དེ“གསོན་ཤུགས་ལྡན་པར་གྱུར་ཡོད།”
        ཐེངས་འདིའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་དྲ་སྦྲེལ་གྱི་འོད་ཟེར་ཞེས་པའི་དངོས་མང་སྟོན་ཚོགས་ཐོག“དྲ་སྦྲེལ+ ཀྲུང་ཧྭ་ཤེས་རིག”གི་གྲུབ་འབྲས་གཅིག་སྡུད་ངང་འགྲེམས་སྟོན་ཐུབ་ཡོད། རིམ་དབྱེ་གཟུགས་བརྙན་རྟོག་བཟོས་རིམ་པ་མང་བའི་ལག་རྩལ་བེད་སྤྱོད་བྱེད་པ་དང་། ཁྱད་ལྡན་ནུས་པར་བརྟེན་ནས་འཁྲབ་སྟོན་བྱས་པའི་འཁྲབ་ཚན་ཡོངས་རྫོགས་ལས་རྒྱན་གོས་དང་། ལུས་རྩལ། གློག་སྒྲོན། ཟློས་གར་སོགས་ཀྱི་ཐད་གནའ་དེང་གི་འཕོ་འགྱུར་མངོན་པར་མཚོན་ཏེ། ལྟད་མོ་བ་ཚོར་ཀྲུང་ཧྭ་ཤེས་རིག་གི་འཕེལ་འགྱུར་ལ་མྱོང་ཚོར་ཐོབ་ཡོད།
        “རིག་དངོས་ཀྱིས་འདས་པ་གཅིག་ཏུ་བསྒྲིལ་ཅིང་མ་འོངས་པ་འབྲེལ་མཐུད་བྱས་ཡོད།” ལིའུ་ཡུས་ཀྲུའུ་ཡིས། དྲ་སྦྲེལ་གྱིས་རིག་དངོས་ལ“གསོན་ཤུགས་ལྡན་པར་བསྒྱུར་ཡོད།” དེ་ནི་རིག་དངོས་ཀྱི་རིན་ཐང་དང་གནས་ལུགས། བསམ་བློ་དང་རིག་གནས། སྣ་མང་གི་ཡོན་ཏན། བསམ་བློའི་ཡང་སྙིང་སོགས་“གསོན་ཤུགས་ལྡན་པར་གྱུར་ཡོད།” རྒྱལ་ཁབ་དང་རྒྱལ་ཁབ་བར་ལ“གོ་བརྡ་འཕྲོད་པའི་སྐད་རིགས”ཞིག་ཏུ་གྱུར་བ་དང་། འཛམ་གླིང་གིས་ཀྲུང་གོར་ཤེས་རྟོགས་དང་། ཀྲུང་གོས་འཛམ་གླིང་ལ་འབྲེལ་འདྲེས་བྱེད་པའི“ལྡེ་མིག”ལྟ་བུར་གྱུར།
        ཁོང་གིས་རྒྱལ་སྤྱིའི་གླེང་མོལ་སྤེལ་རེས་ཀྱི་ལས་སྟེགས་གསར་པ་བསྐྲུན་པ་དང་། རིན་ཐང་སྔོག་འདོན་བྱེད་སྟངས་གསར་པ་གཏོད་པ། རིག་ནུས་དྲ་བ་གསར་པའི་རྣམ་པ་གཏོད་པ། སྤྱི་ཚོགས་ཡོངས་ཞུགས་པའི་རྣམ་པ་གསར་པ་འཛུགས་སྐྱོང་། རྒྱལ་སྤྱིའི་མཉམ་ལས་ཀྱི་རྣམ་པ་གསར་གཏོད་བཅས་བྱེད་དགོས་པ་བསྟན་ཡོད།