འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་9ཉིན།

༄༅།།ཅ་ཀྲའོ་ཡི་ཨར་ཁང་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་ཉུང་མཐར་ཡང་མི་13ཤི་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་09ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ཅ་ཀྲའོ་ཡི་ཨར་ཁང་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་ཉུང་མཐར་ཡང་མི་13ཤི་བ།
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན་གྱི་ཐོ་རེངས་སུ། ཨ་རིའི་ཅ་ནི་ཧྥུ་ནི་ཡ་ཀྲོའུ་ཡི་ལྷོ་རྒྱུད་ཀྱི་ཝུན་ཐུ་ལ་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས། ཚེས་7ཉིན་གྱི་དགོང་མོ་རྫོང་དེའི་ནང་ཐོན་པའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་ཉུང་མཐར་ཡང་མེ་མདའ་རྒྱག་མཁན་དང་ཉེན་རྟོག་དཔོན་ཞིག་ཚུད་པའི་མི་13རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་10ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད།
       ཝུན་ཐུ་ལ་རྫོང་གི་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་ཤིག་གིས། ས་གནས་དེ་གའི་དུས་ཚོད་ཚེས་7ཉིན་གྱི་དགོང་མོའི་ཆུ་ཚོད་11ཡས་མས་སུ་མེ་མདའ་འཁྱེར་མཁན་ཞིག་གིས་རྫོང་དེའི་ཀྲའོ་སན་ཨའོ་ཁེ་གྲོང་ཁྱེར་གྱི་ཨར་ཁང་ཞིག་ཏུ་མཛུལ་ནས། དུ་མདེའུ་འཕེན་ཏེ་མི་ཚོགས་ལ་མེ་མདའ་བརྒྱབ་ཡོད། ཉེན་རྟོག་པ་འབོར་ཆེན་ཞིག་མགྱོགས་མྱུར་ངང་ཡུལ་དངོས་སུ་སླེབས་པ་དང་འབྲེལ་ཉེས་གསོག་དོགས་ཅན་དང་མེ་མདའ་བརྒྱབ་རེས་བྱས་ཡོད་ཅིང་། ཉེན་རྟོག་ནང་འཛུལ་ནས་ལོ་29ཕྱིན་པའི་ཉེན་རྟོག་པ་ལུའོ་ཨེན་· ཧེ་ལུ་སེར་མེ་མདའ་མང་པོ་ཕོག་ནས་རྐྱེན་ལམ་དུ་ཤོར་ཡོད།
       དེ་རྗེས་མེ་མདའ་རྒྱག་མཁན་དེ་ཉེན་རྟོག་ཕྱོགས་དང་མེ་མདའ་བརྒྱབ་རེས་བྱེད་པའི་ཁྲོད་རྐྱེན་ལམ་དུ་ཤོར་ཡོད། ཉེན་རྟོག་ཕྱོགས་ཀྱིས་ད་བར་མེ་མདའ་རྒྱག་མཁན་གྱི་ཐོབ་ཐང་དང་ཀུན་སློང་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་མེད།
       དངོས་སུ་མཐོང་མཁན་གྱིས། དོན་རྐྱེན་ཐོན་སྐབས་ཨར་ཁང་ནང་མི་བརྒྱ་ཕྲག་ཡོད་། མང་ཆེ་བ་ཉེ་འགྲམ་གྱི་སློབ་ཆེན་སློབ་མ་རེད། མེ་མདའ་རྒྱག་མཁན་གྱིས་མེ་མདའ་བརྒྱབ་རྗེས་མི་མང་པོ་ཞིག་འཚབ་འཚུབ་ངང་བྲོས་སོང་བ་དང་། ད་དུང་མི་ཁ་ཤས་གསང་སྤྱོད་སོགས་སུ་གབ་ནས་བསྡད་ཡོད།
       ཨར་ཁང་ནང་ནས་ཕྱིར་བྲོས་ཐུབ་པའི་མིག་མཐོང་ལག་ཟིན་བྱུང་མཁན་མཱ་ཏི་ཤུན་· ཁཱ་མིང་སེ་ཡིས་གསར་འགོད་པར། ཁོ་མོ་སྐབས་དེ་དུས་གྲོགས་པོ་ཁ་ཤས་དང་ཨར་ཁང་ནང་བསྡད་ཡོད། མེ་མདའ་རྒྱག་མཁན་དེར་ཨ་ར་ཡོད་པ་དང་། སྐྲ་ཐུང་ལ་ནག་པོ་རེད་འདུག་ལ་ད་དུང་གྱོན་ཆས་ནག་པོ་ཞིག་གྱོན་འདུག ལག་ཏུ་ཐུང་མདའ་ནག་པོ་ཞིག་འཁྱེར་ནས་མེ་མདའ་རྒྱག་འགོ་བརྩམས་སོང་། “ཐོག་མར་ངའི་བསམ་པར་མི་དེས་རྩེ་མོ་རྩེད་པ་རེད་བསམ་བྱུང་། རྒྱུ་མཚན་ནི་སྐབས་དེ་དུས་གླུ་དབྱངས་མཚམས་བཞག་མིན་འདུག ཡིན་ཡང་ངས་རྗེས་སུ་ཁོས་དངོས་གནས་མེ་མདའ་རྒྱག་པ་ཤེས་པས་ང་ཚོ་ཧང་སངས་ནས་འཚབ་འཚུབ་ངང་མར་སྒུར་ནས་གབ་པ་ཡིན”ཞེས་བརྗོད།
       ཁཱ་མིང་སེ་ཡིས“མེ་མདའ་རྒྱག་མཁན་གྱིས་མུ་མཐུད་སྒུལ་སྐྱོད་བྱས་ཏེ་ངའི་མཐོང་ལམ་ནས་ཡལ་དུས། ངས་ལམ་སེང་ཡར་ལངས་ནས་སྒོ་ཕྱིར་ཐོན་པ་ཡིན། ངའི་གྲོགས་མོ་ཡང་ང་དང་མཉམ་དུ་བྲོས་ཐུབ་སོང”ཞེས་བརྗོད།
       ཀྲའོ་སན་ཨའོ་ཁེ་གྲོང་ཁྱེར་ནི་ལུའོ་ཧྲན་ཅི་གྲོང་ཁུལ་ནུབ་ངོས་ཀྱི་བར་ཐག་སྤྱི་ལེ་65ཙམ་དུ་ཡོད།
【1】  【2】  【3】
༄༅།།ཅ་ཀྲའོ་ཡི་ཨར་ཁང་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་ཉུང་མཐར་ཡང་མི་13ཤི་བ།