འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་9ཉིན།

༄༅།།ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་ནས་ཞི་བདེར་གཅེས་སྤྲས་བྱེད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་09ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       “ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པར་བྱས་ནས་ཞི་བདེར་གཅེས་སྤྲས་བྱེད—— དམག་ཆེན་དང་པོའི་ཀྲུང་གོའི་བཟོ་པའི་ལོ་རྒྱུས་དཔྱད་གཞིའི་པར་རིས་འགྲེམས་སྟོན”ཚེས་6ཉིན་དབྱིན་ཇིའི་ལོན་ཏོན་དུ་གཉེར་ཞིང་། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔོན་རིགས་དང་། ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་འཐུས་མི། དམག་ཆེན་དང་པོའི་ཀྲུང་གོའི་བཟོ་པའི་སྒར་གྱི་དམག་དཔོན་གྱི་རྒྱུད་པ་དང་ཀྲུང་གོའི་བཟོ་པའི་རྒྱུད་པ། དབྱིན་ཇིའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་འཐུས་མི། དབྱིན་ཇིར་བྱེས་སྡོད་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ས་གནས་དེ་གའི་དམངས་ཚོགས་བཅས་ཁྱོན་མི་150ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
        དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་མཱ་ཧུའེ་ཡིས་ཤིས་ཚིག་བརྗོད་སྐབས། དམག་ཆེན་དང་པོའི་རིང་། ཀྲུང་གོའི་བཟོ་པ་ཁྲི་14དམག་ཆེན་དང་པོའི་འཐབ་ས་ནུབ་མའི་གཡུལ་སར་ཡོང་ནས་དམག་འཁྲུག་མཇུག་སྒྲིལ་ཆེད་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་བ་རེད། ཉེ་བའི་ལོ་ཤས་རིང་། དམག་ཆེན་དང་པོའི་ཀྲུང་གོའི་བཟོ་པའི་ལེགས་སྐྱེས་ལ་དབྱིན་ཇིའི་གཙོ་རྒྱུན་སྤྱི་ཚོགས་དང་ལས་རིགས་ཁག་གི་མི་སྣས་རྒྱུས་ལོན་དང་མཐོང་ཆེན་བྱེད་འགོ་ཚུགས་ཡོད་ཅེས་བརྗོད་པ་རེད།
       ཧྲན་ཏུང་ཞིང་ཆེན་ཕྱིར་སྡོད་རང་མིའི་ལས་དོན་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་ཕྱི་དོན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཀོན་གྱིས། དམག་ཆེན་དང་པོའི་ཀྲུང་གོའི་བཟོ་པའི་ཡོང་ཁུངས་ཞིང་ཆེན་གཙོ་བོ་ཡིན་པའི་ཆ་ནས། ཧྲན་ཏུང་གིས་ཀྲུང་གོའི་བཟོ་པའི་ལོ་རྒྱུས་དཔྱད་གཞི་སྔོག་འདོན་གཏིང་ཟབ་དང་འཚོལ་བསྡུ་རྒྱ་ཁྱབ་བྱས་ཡོད། ཐེངས་འདིར་འགྲེམས་སྟོན་བྱས་པའི་པར་རིས་200ལྷག་གི་ཁྲོད་མང་ཆེ་བ་་ཐེངས་དང་པོ་ཡོངས་བསྒྲགས་བྱས་པ་ཡིན་ལ། འདི་དག་གིས་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཤིག་མཚོན་གྱི་ཡོད་ཅེས་བརྗོད་པ་རེད།
        ཐེངས་འདིའི་འགྲེམས་སྟོན་ནི་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་དང་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རྒྱབ་སྐྱོར་ཐོབ་ཡོད། འགོ་ཚུགས་མཛད་སྒོ་འཚོགས་རྗེས། གཙོ་གཉེར་ཕྱོགས་ཀྱིས“ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པར་བྱས་ནས་ཞི་བདེར་གཅེས་སྤྲས་བྱེད་—— དམག་ཆེན་དང་པོའི་ཀྲུང་གོའི་བཟོ་པའི་ལོ་རྒྱུས་དཔྱད་གཞིའི་པར་རིས་འགྲེམས་སྟོན”གྱི་བཞུགས་མོལ་ཚོགས་འདུ་ཡང་འཚོག་པ་རེད།