འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་8ཉིན།

༄༅།།བོད་ལྗོངས་སུ་ཀོང་པོའི་ལོ་གསར་བསུས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་08ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་སུ་ཀོང་པོའི་ལོ་གསར་བསུས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན་ནི། བོད་ལྗོངས་ཀྱི་ཀོང་པོའི་ལོ་གསར་རེད། ཚེས་6ཉིན། ཉིང་ཁྲི་གྲོང་ཁྱེར་ཧྥུའུ་ཅན་སྤྱི་གླིང་དུ་རིག་རྩལ་འཁྲབ་སྟོན་ཆེ་གྲས་ཤིག་སྤེལ་བ་དང་། སྤྲོ་སེམས་ཀྱིས་ཁེངས་པའི་གླུ་གར་དང་། བཟོ་སྟངས་ལེགས་པའི་འཁྲབ་ཚན། རྩེར་སོན་གྱི་སྒྱུ་རྩལ་འཁྲབ་སྟོན་བཅས་ཀྱིས་རྒྱ་ཆེའི་གྲོང་མི་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་རྟེན་འབྲེལ་མཚོན་པར་བྱས་པ་རེད། འཁྲབ་སྟོན་བྱེད་སར་སྨན་གླིང་རྫོང་ཕད་གྲོང་རྡལ་གྱི་རྒྱ་ལ་གྲོང་ཚོའི་གྲོང་མི་ཚོ་ཆེད་མངགས་གདན་ཞུ་བྱས་ཡོད་།