འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་8ཉིན།

༄༅།།འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀོང་ཏུང་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་7.1%
འཕར་ནས་ཞིང་ཆེན་ཡོངས་ཀྱི་GDPཡི་འཕར་ཚད་ལས་མཐོ་བ་ཡོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་08ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀོང་ཏུང་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་འཕར་ཐང་སྒོར་དུང་ཕྱུར་ཁྲི་3.78ཟིན་ཞིང་7.1%འཕར་ནས་ཞིང་ཆེན་ཡོངས་ཀྱི་GDPའཕར་ཚད་ལས་བརྒྱ་ཆའི་གྲངས་0.2ཀྱིས་མཐོ་བ་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་མ་འཇོག་སྒོར་དུང་ཕྱུར་ཁྲི་1.44ཟིན་ཞིང་9.8%འཕར་བ། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.52ཟིན་ཞིང་13%འཕར་ཡོད། མིག་སྔར་དམངས་ཁྲོད་ཁེ་ལས་ཀོང་ཏུང་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི་བྱེད་པོ་ཨང་དང་པོར་གྱུར་ཡོད།
         གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ནས་བརྗོད་ན། ཀོང་ཏུང་ཞིང་ཆེན་གྱི་65%ཡན་གྱི་གསར་གཏོད་ཁེ་བེད་དང་། 75%ཡན་གྱི་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དམངས་གཉེར་ཁེ་ལས་ནས་བྱུང་ཞིང་། 80%ཡན་གྱི་ཐོན་རྫས་གསར་པ་དམངས་གཉེར་ཁེ་ལས་ཀྱིས་གསར་སྤེལ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ཁྲི་3.3ལྷག་ཙམ་ནང་དམངས་གཉེར་ཁེ་ལས་ཀྱིས་80%བཟུང་ཡོད་པ་དང་། དམངས་གཉེར་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ཁྲི་2.7ཡོད་པ། ཞིང་ཆེན་ཡོངས་ཀྱི་ཁེ་བེད་གསར་གཏོད་ཀྱི་ཁེ་ལས་སྟོབས་ཆེན་100ཡི་ཁྲོད་86དམངས་གཉེར་ཁེ་ལས་ཡིན་པ་རེད།
         དམངས་འཚོར་ཕན་འདོགས་པའི་ཐད་ནས་བརྗོད་ན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀོང་ཏུང་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་ལ་མི་ཁྲི་86གསར་འཕར་བྱུང་ནས་ཞིང་ཆེན་ཡོངས་ཀྱི་80%ཡན་གྱི་ལས་ཞུགས་ལས་གནས་གསར་པ་མཁོ་འདོན་བྱས་པ་དང་ལས་ཞུགས་མི་སྣ་ཁྲི་3536ཟིན་ཡོད། ཁྲལ་འབབ་སྒོར་དུང་ཕྱུར་ཁྲི་1.05ཟིན་ནས་25.4%འཕར་ཏེ་ཞིང་ཆེན་ཡོངས་ཀྱི་ཁྲལ་འབབ་ཀྱི་56.1%བཟུང་ཡོད།
        རྐང་འཛིན་ཁེ་ལས་ཐད་ནས་བརྗོད་ན། འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་ནང་ཀོང་ཏུང་ཞིང་ཆེན་གྱི་ཁེ་ལས་12ཚུད་པ་དང་དེའི་ཁྲོད་དམངས་གཉེར་ཁེ་ལས་8ཡོད། རྒྱལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་སྟོབས་ཆེན་500ཡི་ནང་ཀོང་ཏུང་ཞིང་ཆེན་གྱི་ཁེ་ལས་60ཚུད་ཡོད། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་100ལྷག་ཙམ་དང་སྒོར་དུང་ཕྱུར་1000ལྷག་ཙམ་གྱི་རྐང་འཛིན་ཁེ་ལས་ཆེ་གྲས་ཁྲོད་ཀོང་ཏུང་ཞིང་ཆེན་དུ་ཁེ་ལས་260དང་25སོ་སོར་ཡོད་པ་དང་དེའི་ཁྲོད་དམངས་གཉེར་ཁེ་ལས་104དང་15སོ་སོར་ཡོད་པ་རེད།