འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་8ཉིན།

༄༅།།“གོ་སྐབས་བཟང་བའི་དུས་རབས་འདིར་ཐུགས་རྗེ་ཆེ་ཞུ” 

—— བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལེ་ཅུས་ཕང་ལ་བཅར་འདྲི་ཞུས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་08ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།“གོ་སྐབས་བཟང་བའི་དུས་རབས་འདིར་ཐུགས་རྗེ་ཆེ་ཞུ”
      ཕྱི་ཚུལ་ནས་བལྟས་ཚེ་བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལེ་ཅུས་ཕང་ནི་ཁྱིམ་མཚེས་ཨ་མ་དཀྱུས་མ་ཞིག་དང་ཧེ་བག་གང་ཡང་མ་མཆིས།
     འོན་ཀྱང་ཁོང་གིས་ལོ་25རིང་དཀའ་བ་དུ་མ་སྤྱད་དེ་ཀུང་སི་དེ་སྔོན་ཆད་མི་བརྒྱའང་མེད་པའི་བཟོ་གྲྭ་ཆུང་ངུ་ཞིག་ནས་རིམ་བཞིན་ལས་བཟོ་2000ཙམ་དང་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་10ལས་ཚད་བརྒལ་བྱུང་བའི་ཁྲོམ་རར་ཞུགས་པའི་ཁེ་ལས་ཤིག་ཏུ་འཕེལ་རྒྱས་བཏང་བ་རེད།
     1953ལོར། ལེ་ཅུས་ཕང་ཀན་སུའུ་ཞིང་ཆེན་ལིན་ཐའོ་རྫོང་གི་ཞིང་པའི་ཁྱིམ་ཚང་ཞིག་དུ་སྐྱེས་པ་དང་། 1974ལོར་ཁོང་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་དངོས་ཁམས་ཆེད་ལས་སུ་སློབ་སྦྱོང་བྱེད་པར་འོས་སྦྱོར་བྱས་ཤིང་། སློབ་ཆེན་ཐོན་རྗེས་ལེ་ཅུས་ཕང་ཀྲུང་གོ་ཚན་རིག་ཁང་གི་ཉེ་རབས་དངོས་ཁམས་ཞིབ་འཇུག་སུའོ་རུ་ལས་བགོས་བརྒྱབ།
     ལེ་ཅུས་ཕང་གིས“ལོ་རབས་80པའི་དུས་དཀྱིལ་དུ་ངས་འགག་རྩའི་ལག་རྩལ་ཞིག་ཚད་བརྒལ་བྱས་པར་སུའོ་ནས་ངེད་ཚོའི་དཔུང་ཁག་ལ་བྱ་དགའ་དངུལ་སྒོར་ཁྲི་1སྤྲད་བྱུང་། སྐབས་དེ་དུས་ངར་ཟླ་བ་གཅིག་ལ་གླ་ཆ་སྒོར་40ལས་མེད”ཅེས་བཤད་པ་དང་ད་ལྟའང་ཁོང་གིས་སྐབས་དེ་དུས་ཀྱི་ལས་ཀའི་ཉམས་མྱོང་ལ་དྲན་གསོ་ཆེན་པོ་བྱེད་པ་དང“གནས་ཚུལ་དེས་ད་བར་རང་ཉིད་ལ་བསམ་པའི་འཚོ་བཅུད་སྦྱིན་པ་དང་སྐུལ་མ་ཆེན་པོ་ཐེབས་བཞིན་འདུག”ཅེས་བཤད།
     1987ལོར། ལེ་ཅུས་ཕང་ལས་ཁུངས་ནས་དོན་ཏེ་ལས་གྲོགས་བཞི་དང་མཉམ་དུ་བཟོ་ལས་སྦགས་བཙོག་བཅོས་སྐྱོང་ཞིབ་འཇུག་སུའོ་བཙུགས་པ་ལས་ཁོང་གི་མི་ཚེའི་ནང་གི་གྲུབ་འབྲས་དང་པོ་དེ་ཐོབ་འགོ་ཚུགས།
     1992ལོར། བླ་བྲང་དགོན་དུ་ལྟ་སྐོར་བྱེད་སྐབས། སྟེས་དབང་གིས་སྨན་གཞུང་རྒྱུད་བཞིའི་ཐང་ག་ཞིག་མཐོང་བྱུང་། “དེའི་ནང་མངལ་ཆགས་ཕྲུ་གུ་ཕྲ་ཕུང་ནས་རིམ་བཞིན་འཚར་ལོངས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཞིབ་ཚགས་ངང་འཁོད་པ་དང་དུས་མཚམས་ཚང་མ་ཧ་ཅང་ཞིབ་ཕྲ་འདུག”ཅེས་ལི་ཅུས་ཕང་གིས་བཤད། སྐབས་དེ་དུས་ལེ་ཅུས་ཕང་གི་སྤུན་མཆེད་ཀྱི་ཕྲུ་གུ་ཞིག་ལ་མཐོང་དཀོན་པའི་ནད་གཞི་ལྕི་པོ་ཞིག་ཕོག་ནས་གང་སར་སྨན་པ་བསྟེན་ཡང་ཕན་ནུས་མ་ཐོན་པ་མ་ཟད། སྨན་ཁང་གིས་དྲག་སྐྱེད་ཐུབ་པའི་རེ་བ་ཧ་ཅང་ཆུང་བས་ནང་མིར་སྨན་བཅོས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན། དེས་ན་མི་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད། ལེ་ཅུས་ཕང་གིས་ཀན་ལྷོ་ཀྲོའུ་ཡི་གྲགས་ཅན་བོད་ལུགས་གསོ་རིག་སྨན་པ་ཐུབ་བསྟན་ལགས་བཙལ། ལེ་ཅུས་ཕང་གིས“སྨན་པ་ཐུབ་བསྟན་ལགས་ཀྱིས་ནད་གཞི་བརྟག་དཔྱད་བྱས་རྗེས། བོད་སྨན་སྤྲད་པ་དང་ཕྲུ་གུས་སྨན་དེ་བཟས་ནས་དུས་ཡུན་རིང་པོ་མ་འགོར་བར་ནད་གཞི་མངོན་གསལ་དོད་པོས་དྲག་སྐྱེད་བྱུང་བའི་ཁར་མཐར་རྦད་དེ་དྲག་སྐྱེད་བྱུང་སོང”ཞེས་བཤད་པ་དང་དུས་དེ་ནས་བཟུང་ཁོང་དང་བོད་སྨན་དབར་གྱི་ལས་དབང་འབྲེལ།
     1993ལོའི་ཟླ་8ཚེས་9ཉིན་ལེ་ཅུས་ཕང་གིས་ཆེས་བྲིན་ཚོགས་པ་བཙུགས་ནས་བོད་ཀྱི་གསོ་བ་རིག་པ་ཞིབ་སྤེལ་དང་ཐོན་སྐྱེད་ལས་ལ་ཆེད་མངགས་གཞོལ།
     1993ལོར། “ཁྲག་རྒྱུན་གསོ་བ་དང་ཁྲག་འགག་སེལ་བ་དང་། སྐྲང་འབུར་དང་ན་ཟུག་འཇོམས་པའི”ཕན་ནུས་ལྡན་པའི་ཆེས་བྲིན་བོད་སྨན་གྱི་འབྱར་སྨན་ཐོན་སྐྱེད་བྱས་པ་དང་འབྱར་སྨན་དེ་དེ་སྔ་ཕྱི་བྱུག་སྨན་ཞིག་ཡིན་མོད། འོན་ཀྱང་སྤུས་ཚད་འགན་ལེན་བྱེད་ཡུན་ཐུང་བས་ཐག་རིང་དུ་སྐྱེལ་འདྲེན་བྱེད་ཐབས་མེད། ལེ་ཅུས་ཕང་གིས་དེང་དུས་ཀྱི་ལག་རྩལ་ལ་བརྟེན་ནས་ད་ལྟའི་འབྱར་སྨན་དེ་བཟོས་པས“སྤུས་ཚད་འགན་ལེན་བྱེད་ཡུན་ལོ་3ཟིན་པ་མ་ཟད་འཁྱེར་བདེ་པོ་ཡོད་པ་རེད”
     ལེ་ཅུས་ཕང་གིས་བྲིན་ལམ་རྒྱུག་པོ་ཡོང་ཆེད། ཁོང་གིས་དེ་སྔ་སྨན་སྒལ་པར་ཁྱེར་ནས་སྨན་ཚོང་ཁང་རེ་རེ་བཞིན་བྲིན་ཚོང་བྱེད་པར་ཕྱིན་ཞིང་། “ལོ་གཅིག་བྲག་ཡིབ་ཀྱི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་ལན་ཀྲོའུ་རུ་མཉམ་འཛོམས་སྦྱོང་བརྡར་བྱེད་སྐབས། ངས་རུ་ཁག་གི་སྨན་པ་བཙལ་ནས་སྨན་དེ་འོས་སྦྱོར་བྱས་པ་ཡིན། སྟབས་ལེགས་པ་ཞིག་ལ་རུ་ཁག་གི་སྨན་པ་དེ་བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ཁར་བོད་སྨན་ལ་ལྟ་སྟངས་ཧ་ཅང་ཡག་པོ་ཡོད་སྟབས་སྨན་དེ་འོས་སྦྱོར་བྱ་རྒྱུའི་ཁས་བླངས་བྱུང”ཞེས་བཤད།
     བྲིན་ཚོང་ཐབས་ལམ་བཏོད་རྗེས། ལེ་ཅུས་ཕང་གིས་སྣེ་ཁྲིད་བྱས་པའི་ཆེས་བྲིན་ཚོགས་པ་གོམ་སྐབས་རེ་རེ་བཞིན་སྟོབས་ཆེར་ཕྱིན་པ་དང་། 2009ལོར། ཧྲེན་ཀྲེན་འཛིན་ལོར་ཉོ་ཚོང་སུའོ་ཡི་ཁེ་ལས་འབྲིང་ཆུང་གི་ཁྲོམ་རར་བཏོན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཧྲེན་ཀྲེན་འཛིན་ལོར་ཉོ་ཚོང་སུའོ་ཡི་ཁེ་ལས་འབྲིང་ཆུང་ལ་ཞུགས་པའི་བོད་སྨན་ཁེ་ལས་དང་པོར་གྱུར་ཡོད་ལ་དེའང་གཟི་བརྗིད་ལྡན་པའི་བྱ་གཞག་གི་བོད་དུ་ཡོད་པའི་ཁེ་ལས་དང་པོ་དེ་རེད།
    ན་ནིང་ལོ་མཇུག་བར། ཆེས་བྲིན་བོད་སྨན་ལ་བོད་སྨན་གྱི་སྨན་རྫས་མིང་55དང་སྨན་རྫས་ཆོག་མཆན་ཡིག་ཨང་72ཡོད་པ་དེ་དག་རུས་ནད་ཚན་ཁག་དང་། དབང་རྩའི་ཚན་ཁག མོ་ནད་ཚན་ཁག འཇུ་བྱེད་ཚན་ཁག་སོགས་བོད་ཀྱི་གསོ་བ་རིག་པའི་ཁྱད་ལྡན་སྨན་བཅོས་ཁྱབ་ཁོངས་དང་འབྲེལ་བ་ཡོད་ཅིང་། ཐལ་མོའི་རྡེབ་སྒྲའི་མདུན་དུ་ལེ་ཅུས་ཕང་གིས“སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པ་ནི་ནོར་མཛོད་ཆེན་པོ་ཞིག་ཡིན་ཞིང་། རང་ཉིད་ཀྱིས་ནོར་མཛོད་དེའི་ཟུར་ནས་ལྟ་ན་སྡུག་པའི་ནོར་རྡོ་ཞིག་སྒྲུག་པ་ཙམ་རེད”ཅེས་བརྗོད།
     ན་ནིང་བར། ཆེས་བྲིན་བོད་སྨན་གྱིས་རིགས་ཁག་གི་སྲུང་སྐྱོང་དང་འདེབས་འཛུགས་ཞིབ་འཇུག་རྟེན་གཞི་མུའུ་ཁྲི་10.3ལྷག་ཙམ་བསྐྲུན་པ་དེ་དག་བོད་ལྗོངས་ཉིང་ཁྲི་དང་ལྷོ་ཁ་སོགས་སུ་ཡོད་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་སྨན་རྒྱུ་རིགས་47གྱི་འདེབས་འཛུགས་ལག་རྩལ་ཞིབ་འཇུག་གྲུབ་འབྲས་ཐོབ་པའི་ངང་བྱས་པ་རེད།
     ང་ཚོས་སྐྲུན་རོགས་བྱས་པ་དང་འབྲེལ། མ་དངུལ་ཆ་ཚང་བཏང་ནས་འཁོར་རྒྱུག་བྱས་པའི་སྲོལ་རྒྱུན་བོད་ལུགས་གསོ་རིག་སློབ་གྲྭ་དེ་དག་ནས་ཐོན་པའི་སློབ་མས་གཞི་རིམ་བོད་ལུགས་གསོ་རིག་སྨན་ཁང་དུ་གཞི་ཚུགས་པ་དང་ད་ཆ་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། བོད་ལྗོངས་སོགས་སུ་བོད་ལུགས་གསོ་རིག་སྨན་ཁང་དེ་རིགས་10ལྷག་ཙམ་བཙུགས་ཡོད་པ་རེད།
     སྤྱི་ཚོགས་ཀྱི་སྤྱི་ཕན་དང་གནད་སྨིན་དབུལ་སྐྱོར་གྱི་ལམ་བུར་ལེ་ཅུས་ཕང་གིས་ཀྱང་ཆེས་བྲིན་ཚོགས་པ་སྣེ་ཁྲིད་དེ་འབད་འབུངས་ཆེན་པོས་མདུན་སྐྱོད་བྱས་ཤིང་། ད་ཆ་ཆེས་བྲིན་བོད་སྨན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ནས་ཏུན་ཁྲི་10ཁྲོམ་ར་ཅན་དུ་ཁྱབ་གདལ་གཏོང་བའི་ལས་འགན་ཁུར་བ་དང་ཀུང་སིས་ད་ཆ་གཞིས་རྩེར་སྐྱེ་ལྡན་ནས་འདེབས་འཛུགས་རྟེན་གཞི་མུའུ་ཁྲི་4བསྐྲུན་ནས་ལོ་གསུམ་ནང་མུའུ་ཁྲི་10ཟིན་པའི་བརྩོན་ལེན་བྱས་ཏེ་ཞིང་པ་དེ་བས་མང་བ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད།
     “ཆེས་བྲིན་ཀུང་སིར་ད་ཆའི་གྲུབ་འབྲས་དེ་ལྟ་བུ་བྱུང་བ་ནི་གོ་སྐབས་བཟང་བའི་དུས་རབས་དེའི་བཀའ་དྲིན་རེད”འདས་ཟིན་པར་ཕྱིར་མིག་ལྟ་བཞིན་ལེ་ཅུས་ཕང་གིས་ཁེ་ལས་ཀྱིས“དགེ་སྒྲུབ་གཞན་ཕན་དང་གཞུང་དྲང་ལས་གཉེར”གྱི་ལྟེ་བའི་རིན་ཐང་ལྟ་བ་མུ་མཐུད་བརྟན་སྲུང་བྱས་ཏེ་སྲོལ་རྒྱུན་གྱི་གསོ་བ་རིག་པ་དང་བོད་རིགས་ས་ཁུལ་གྱི་སློབ་གསོ་དང་དེ་བཞིན་ཁོར་ཡུག་སོགས་ཐད་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།