འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་7ཉིན།

༄༅།།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན། སུའེ་ཙེར་གྱི་རེ་ནེ་ཝའི་མཉམ་འབྲེལ་རྒྱལ་ཚོགས་དབན་གོ་ཕོ་བྲང་དུ་ཀྲུང་གོའི་སྐུ་ཚབ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་གསུམ་པའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་གྲོས་ཞིབ་བྱེད་པར་ཞུགས་ཡོད་ཅིང་། ཉིན་དེར་ཀྲུང་གོས་སུའེ་ཙེར་གྱི་རེ་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་གསུམ་པའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་གྲོས་ཞིབ་བྱེད་པའི་ནང་ཞུགས་པ་དང་། ཨུ་རུ་སུ་དང་། ལྷོ་ཨ་ཧྥེ་རི་ཁ། ཕ་ཁི་སེ་ཐན། ཁུ་པ། ཁམ་ཕུ་ཁྲེ་སོགས་རྒྱལ་ཁབ་100ལྷག་ཙམ་གྱིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་པ་དང་། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་སྐུལ་སྤེལ་དང་སྲུང་སྐྱོང་བྱེད་པའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་པར་ཚད་མཐོའི་གདེང་འཇོག་བྱས་ཡོད།
༄༅།།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ།