འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་7ཉིན།

༄༅།།དེ་རིང་དང་སང་ཉིན་གཉིས་ལ་ལྷོ་ཕྱོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆེན་པོ་འབབ་རྒྱུ་དང་། མཚོ་བོད་ས་
མཐོའི་ཆ་ཤས་སུ་གངས་ཆེན་པོའམ་དྲག་པོ་འབབ་རྒྱུ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡར་གཞིགས་ན། དེ་རིང་ནས་ཚེས་8ཉིན་བར། ཤར་དུ་རྒྱུག་པའི་མཐོ་དབྱིངས་ཤུར་ཁའི་ཤུགས་རྐྱེན་ཐེབས་ནས། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་།  ཅང་ཧན། རྨ་ཆུ་དང་ཧེའི་ཆུའི་འབབ་རྒྱུད་། འབྲི་ཆུ་དང་ཧེའི་ཆུའི་འབབ་རྒྱུད་། འབྲི་ཆུའི་ལྷོ་རྒྱུད། ཧྭ་ལྷོ་ས་ཁུལ་གྱི་ནུབ་རྒྱུད་སོགས་ས་ཆར་ནུབ་ནས་ཤར་བར་ཆར་ཆུ་འབབ་པའི་རྒྱུད་རིམ་ཞིག་ཡོང་རྒྱུ་རེད་། ཆར་ཆུ་འབབ་པའི་རྒྱུད་རིམ་ནི་ཆུང་བ་ནས་འབྲིང་བའི་བར་གཙོ་བོར་ཡིན་པ་དང་། ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།     དེ་རིང་། མཚོ་བོད་ས་མཐོའི་ཤར་རྒྱུད་དང་། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད་དུ་ཆར་པ་འབབ་པ་ནས་གངས་མ་ཆར་རམ་གངས་འབབ་རྒྱུ་རེད། ས་ཁུལ་མང་ཆེ་བར་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང། ས་ཁུལ་ཆ་ཤས་སུ་གངས་དྲག་པོ་འབབ་རྒྱུ་རེད། གཞན་ཡང་། ཚེས་8ཉིན་ནས་ཚེས་10ཉིན་བར། བྱང་ཤར་ས་ཁུལ་གྱི་དབུས་ཤར་རྒྱུད་དུ་ཆར་པའམ་གངས་འབབ་པའི་གནམ་གཤིས་བསྟན་རྒྱུ་རེད། དེའི་ནང་ཧེ་ལུང་ཅང་གི་ས་ཁུལ་ཁག་གཅིག་ཏུ་གངས་ཆེ་བ་ནས་དྲག་པོ་འབབ་རྒྱུ་རེད།    
     དེ་རིང་། བོད་ལྗོངས་ཀྱི་ཤར་ཕྱོགས་དང་། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་གངས་ཆུང་བ་ནས་འབྲིང་བའམ་གངས་མ་ཆར་འབབ་རྒྱུ་རེད་འདུག དེའི་ནང་བོད་ལྗོངས་ཀྱི་ཤར་བྱང་རྒྱུད་དང་ཁྲོན་ནུབ་ས་མཐོ། མཚོ་སྔོན་གྱི་ཤར་བྱང་སོགས་ས་ཆར་གངས་ཆེན་པོ་འབབ་རྒྱུ་དང་། ས་ཁུལ་ཆ་ཤས་སུ་ཁ་བ་དྲག་པོ་འབབ་རྒྱུ་རེད་འདུག(ཧའོ་སྨི་10ནས་14བར)