འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་7ཉིན།

༄༅།།མཚོ་སྔོན་གྱི་ས་མཐོའི་རྒྱུད་འདྲེས་པད་ཁར་ལོ་ལེགས་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་སྐྱེད་སྲིང་བྱས་པའི་རྒྱུད་འདྲེས་པད་ཁ་ཨང་4པ་ས་བབ་མཐོ་ཚད་སྨི་3100ནས་3200བར་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐང་སྐར་མ་ཁུལ་དུ་བཏབ་པར་ལོ་ལེགས་བྱུང་བ་རེད།
     ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་པད་ཁའི་ཐོན་ལས་ལག་རྩལ་གསར་གཏོད་ལས་སྟེགས་ཀྱིས་ཞིང་ཆེན་གྱི་ས་བོན་ས་ཚིགས་དང་། ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས། མཚོ་ལྷོ་ཀྲོའུ་ཞིང་ལས་ཚན་རྩལ་སུའོ་སོགས་ཚན་པ་དང་ཐང་སྐར་མ་ས་ཁུལ་གྱི་འབྲེལ་ཡོད་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དང་ཞིང་དུད་ཀྱིས་ཐང་སྐར་མ་གྲོང་རྡལ་གྱི་གསེར་ཐང་གྲོང་ཚོར་ཆེས་སྔ་སྨིན་གྱི་སྤུས་ལེགས་རྒྱུད་འདྲེས་པད་ཁ་ཨང་4པའི་དཔེ་སྟོན་ཞིང་ཁར་ལྟ་སྐོར་དང་ཐོན་འབབ་ཚོད་རྩིས་བྱེད་སྐབས། རྒྱུད་འདྲེས་པད་ཁ་ཨང་4པའི་སྐྱེ་ཚུལ་ལེགས་པ་མ་ཟད། པད་ཁ་མི་ཉལ་བ་དང་། པད་རྐང་སྦོམ་ལ་ཚགས་མཐུག་པ། པད་ཁའི་ཐོན་འབབ་ལེགས་པ་སོགས་ཀྱི་ལེགས་ཆ་དུ་མ་ལྡན་པ་ཤེས་རྟོགས་བྱུང་ཞིང་། སྤྱི་ཆིང་133.3ཟིན་པའི་དཔེ་སྟོན་ཞིང་ཁ་འཕྲུལ་ཆས་ཅན་གྱིས་འདེབས་འཛུགས་བྱས་པ་བརྒྱུད། མུའུ་རེ་ནས་ཆ་སྙོམས་ཐོན་འབབ་སྤྱི་རྒྱ་167ཐོན་པ་དེ་པད་ཁ་ཨང་21པ་དང་བསྡུར་ན་ཐོན་འབབ་མཐོ་རུ་འགྲོ་ཚད་30.5%ཟིན་ཡོད་པ་རེད།
     རྒྱུད་འདྲེས་པད་ཁ་ཨང་4པ་ནི་ཞིང་ཆེན་པད་ཁ་ཐོན་ལས་ལག་རྩལ་གསར་གཏོད་ལས་སྟེགས་ཀྱིས་ཞིང་ཆེན་ཞིང་ནགས་ཚན་རིག་ཁང་གི་དཔྱིད་འདེབས་པད་ཁ་ཞིབ་འཇུག་སུའོ་ཡིས་འདེབས་གསོ་བྱས་པའི་ཆེས་སྔ་སྨིན་གྱི་སྤུས་ལེགས་རྒྱུས་འདྲེས་པད་ཁའི་རིགས་ཤིག་རེད། སྣ་ཁ་དེའི་མུའུ་རེའི་ཐོན་འབབ་སྤྱི་རྒྱ་150ནས་200བར་ཟིན་པ་དང་སྣུམ་འདུས་ཚད་45%ཡན་ཟིན་གྱི་ཡོད།