འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་6ཉིན།

༄༅།།འབྲི་ཆུའི་བཀག་བསྐྱིལ་མཚེའུ་ཡི་ཆུ་བབ་ཁ་སང་ལས་ཡང་སྨི8ཙམ་རྒྱས་འདུག

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་06ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འབྲི་ཆུའི་བཀག་བསྐྱིལ་མཚེའུ་ཡི་ཆུ་བབ་ཁ་སང་ལས་ཡང་སྨི8ཙམ་རྒྱས་འདུག
     མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་འཕྲལ་སྡོམ་གཞུང་དོན་ཁང་ནས་འབྱོར་བའི་གསར་འགྱུར་ལྟར་ན། ཟླ11པའི་ཚེས3ཉིན་གྱི་དུས་ཚོད18:10སྟེང་དཔལ་ཡུལ་རྫོང་བལ་དཀར་བཀག་བསྐྱིལ་མཚེའུ་སྔར་གྱི་རི་ཉིལ་བྱུང་བའི་གནས་ནས་ཡང་བསྐྱར་རི་ཉིལ་བྱུང་བ་དང་། ཆུ་བབ་སྨི8ཡར་རྒྱས་པའི་སྙན་ཞུ་འབྱོར་བ་ན། དཔལ་ཡུལ་རྫོང་འབྲེལ་ཡོད་སྡེ་ཁག་གིས་བྲེལ་མྱུར་གྱིས་ཉེན་སེལ་ལས་ཀར་ཞུགས་ཏེ། སྲོད་ཀྱི་དུས་ཚོད་དྲུག་དང་ཕྱེད་ཀའི་སྟེང་ཡུལ་དངོས་སུ་འབྱོར། མང་ཚོགས་མཐར་བསྐྲོད་ཀྱི་སྡེ་ཁག5ཡིས་གཙང་རྒྱུད་ཀྱི་གྲོང་བརྡལ་གཅིག་དང་ཞང་བཞིའི་མང་ཚོགས་རྣམས་གཉེན་ཉེ་ལ་གནས་ཚང་གཡོར་བའི་རྣམ་པར་བརྟེན་ནས་མཐར་བསྐྲོད་བཏང་བ་དང་། དཔལ་ཡུལ་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་ཞང་དང་གྲོང་བརྡལ་གྱི་ཉིན་ཞག་དུས་ཚོད24ལ་ལས་རེས་མི་སྣ་མངགས་ཏེ་ལྟ་ཞིབ་བྱེད་པ་རེད།  སྲིད་ཁྲིམས་སྒྲིག་འཛུགས་དང་སྤྱི་བདེ།  མེ་འགོག་མེ་གསོད། ཉེན་རྟོག་དྲག་དཔུང་། ནགས་ཚལ་འཕྲལ་སྡོམ་མེ་གསོད་རུ་ཁག་སོགས་ཆེད་ལས་འགན་སྲུང་གི་སྟོབས་ཤུགས་མི་སྣ270ལྷག་གིས་བཀའ་སྒུག་བྱས་ཡོད།
     ཚེས4ཡི་སྔ་དྲོའི་དུས་ཚོད9ཡི་སྟེང་། དཀར་མཛེས་བརྙན་འཕྲིན་ཁང་གིས་བརྙན་བསྐུར་བ་ལས་རི་ཉིལ་གྱིས་ཞབས་ཀྱི་འབྲི་ཆུ་མཐོང་དཀའ་བར་མ་ཟད། བཀག་བསྐྱིལ་གྱིས་ཡར་རྒྱས་པའི་ཆུ་ལམ་ཡང་མི་མཐོང་བར་གྱུར་བ་དང་ཆུ་བབ་སྨི8རྒྱས་པ་རེད།
     སི་ཁྲོན་ཆུ་དཔྱད་ལས་ཁུངས་གསར་འགྱུར་ལྟར་ན། ཟླ11པའི་ཚེས4ཉིན། བཀག་བསྐྱིལ་མཚེའུ་སྟོད་རྒྱུད་ཀྱི་སེ་སྒང་ས་ཚིགས་ནས་ཆུ་བབ་སྨི3571.87དང་། བལ་དཀར་བཀག་བསྐྱིལ་མཚེའུ་ནས་ཆུ་བབ་སྨི2900.85ཡིན། དུས་ཚོད་གཅིག་ལ་ཉེ་བའི་རིང་སྨི0.64ཡར་རྒྱས་ལ། ཚེས3གྱི་ཕྱི་དྲོའི་དུས་ཚོད5དང་སྐར་མ15སྟེང་གི་ཆུ་བབ་དང་བསྡུར་ན་སྨི8.01ཡར་རྒྱས་ཡོད་པ་རེད།
༄༅།།འབྲི་ཆུའི་བཀག་བསྐྱིལ་མཚེའུ་ཡི་ཆུ་བབ་ཁ་སང་ལས་ཡང་སྨི8ཙམ་རྒྱས་འདུག