འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་6ཉིན།

༄༅།།མཛེས་སྡུག་ལྡན་པའི་དཀར་མཛེས་རྫོང་གི་ཡར་ལུང་སྤྱི་གླིང་། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་06ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཛེས་སྡུག་ལྡན་པའི་དཀར་མཛེས་རྫོང་གི་ཡར་ལུང་སྤྱི་གླིང་།
      མི་དམངས་དྲ་བའི་འཕྲིན། སྐྱི་བསེར་རླུང་གི་རྒྱུ་བ་དང་བསྟུན་ནས་འགུལ་ཙམ་བྱེད་པའི་ཤིང་སྡོང་གི་གྲིབ་གཟུགས་དང་། སྐབས་རེར་མཁའ་དབྱིངས་ནས་འཕུར་བའི་བྱེའུའི་གཟུགས་བརྙན་ཆུ་ངོས་སུ་མཐོང་ལ། ཉ་མོས་རྐྱལ་རྩལ་ངོམ་པ་དང་། ཆུ་བྱའ་རྩེད་འཇོ་ལ་རོལ་བའང་མིག་གི་མཐོང་ཡུལ་དུ་མངོན་ཡོང་། དེ་ཡང་བློ་ཡུལ་ལས་འདས་པ་ཞིག་ལ། མིག་མདུན་གྱི་མཛེས་ཤིང་སྡུག་པའི་སྤྱི་གླིང་འདི་ནི་སྔོན་ཆད་འདམ་རྫིང་ཞིག་རེད།
     སྟོན་ཁར། ཡུལ་སྐོར་བ་མང་པོ་མཛེས་ཤིང་སྡུག་པའི་སྤྱི་གླིང་འདིར་ལྟད་མོར་ཕེབས་ནས་འདི་རང་མིང་དོན་མཚུངས་པའི"དྲ་ཐོག་གི་གྲགས་ཅན"དུ་གྱུར་བཅུག་ཡོད།
     དཀར་མཛེས་རྫོང་གིས་སྐྱེ་ཁམས་འདུ་ཤེས་ཀྱིས་གཙོ་ཁྲིད་བྱེད་པ་དང་། ཡར་ལུང་ཁུག་གི་བརླན་ས་ལྟེ་བར་བཟུང་བ་བརྒྱུད། སྤྲོ་གསེང་ལྟ་སྐོར་ཚན་རིག་ཁྱབ་གདལ་དང་མི་ཆོས་ཡུལ་ལྗོངས་བཅས་མཉམ་གཅིག་ཏུ་འདྲེས་ཤིང་། གྲོང་ཁྱེར་གྱི་སྐྱེ་ཁམས་ཉམས་གསོ་དང་། ཐོན་ཁུངས་སྲུང་སྐྱོང་། ཚན་རིག་ཁྱབ་གདལ་སློབ་གསོ། ཡུལ་སྐོར་ལྗོངས་རྒྱུ་སོགས་ཀྱི་ནུས་པ་མང་པོ་ཡོད་པའི་གྲོང་ཁྱེར་གྱི་བརླན་སའི་སྤྱི་གླིང་ཞིག་བསྐྲུན་ཡོད། 
     དཀར་མཛེས་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཞང་གོ་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཡར་ལུང་གླིང་ཁ་ཞིང་ཆེན་རིམ་པའི་བརླན་སའི་རྒྱ་ཁྱོན་ལ་མུའུ་12768ཡོད་ཅིང་། ཉེ་བའི་ལོ་འགའི་རིང་ལ། དཀར་མཛེས་རྫོང་གིས་ཡར་ལུང་ཁུག་ཏུ་ཡར་ལུང་བརླན་ས་སྲུང་སྐྱོང་ལས་གྲྭ་སྟེ་ཆུའི་སྦགས་བཙོག་བཅོས་སྐྱོང་དང་། སྡོང་འཛུགས་ནགས་བསྐྲུན། བརླན་ས་སླར་གསོ། ཆུ་འགོ་སྲུང་སྐྱོང་། བཞུར་ཁོངས་ཆུང་བར་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས། འགོ་ཁུངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། སྐྱེ་ཁམས་ལ་གཏན་ནས་གཏོར་བརླག་མ་བཏང་བས།  བརླན་ས་ངན་འགྱུར་ལ་ནུས་ལྡན་གྱི་ཚོད་འཛིན་ཐེབས་ཏེ། རིམ་བཞིན་བརླན་སའི་སྐྱེ་ཁམས་མ་ལག་གི་རང་ངོས་ཀྱི་སྙོམས་སྒྲིག་ནུས་པ་ཇེ་མཐོར་བཏང་ཡོད། 
     ན་ནིང་། མ་དངུལ་སྒོར་ཁྲི་1000བཏང་ནས། འབྲུག་མོ་བླ་མཚོ་བསྐྱར་བསྐྲུན་བྱས་པ་དང་། ད་ལྟ་དེའི་སྔོ་ཁེབས་ཚད་མུའུ་800སླར་གསོ་བྱུང་བ་དང་། མུའུ་1146ལ་རྩྭ་བཏབ་པ། མཚོ་མུའུ་656རྒྱ་བསྐྱེད་པ། སྐྱེ་ཁམས་སྲུང་རགས་སྨི་850བསྐྲུན་པ་བཅས་བྱས་ནས། དཀར་མཛེས་རྫོང་གི་བཀྲག་མདངས་བཀྲ་བའི་མིང་བྱང་ཞིག་ཏུ་གྱུར་ཡོད། 
【1】  【2】
༄༅།།མཛེས་སྡུག་ལྡན་པའི་དཀར་མཛེས་རྫོང་གི་ཡར་ལུང་སྤྱི་གླིང་།