འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་5ཉིན།

༄༅།།སྤྲིན་གསེབ་ཀྱི་བརྩེ་བ་ཟབ་མོ། 

—— ཡུན་ནན་ཞིང་ཆེན་གཡག་རྭ་ཤང་གི་ཏང་ཨུད་ཧྲུའུ་ཅི་རིན་ཆེན་ནོར་བུའི་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་05ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྤྲིན་གསེབ་ཀྱི་བརྩེ་བ་ཟབ་མོ།
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཁྲང་ཧྲན་དང་དབྱང་ཅིང་།
     རིན་ཆེན་ནོར་བུས(གཡས)ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་གཡག་རྭ་ཤང་འབུམ་སྟེང་གྲོང་ཚོའི་དུད་ཚང་དབུལ་པོ་ལྷ་དབང་གི་ཁྱིམ་དུ་འཚམས་འདྲི་བྱེད་པ།
     སྤྲིན་གསེབ་ཏུ་གཞི་ཚུགས་ནས་ཞི་མཐུན་སྲུང་སྐྱོང་པ་བྱེད་པ།
     རིང་མིན་གོང་འབྲི་ཆུའི་འཁྱིལ་མཚོའི་སྨད་རྒྱུད་དུ་རང་འབབ་ཆུ་རྒྱུན་ཆེ་ཤོས་རྒྱུག་པ་དང་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་གཡག་རྭ་ཤང་གི་ཏང་ཨུད་ཧྲུའུ་ཅི་རིན་ཆེན་ནོར་བུར་སེམས་ཁྲལ་ཆེན་པོ་བྱུང་བ་དང་ཁོང་གིས་གཙང་ངོགས་ཀྱི་མང་ཚོགས་གྲལ་བཤེར་དང་ཁ་འགྲེམས་བྱས་ཏེ་ཉེན་ཁ་འཕྲད་པའི་མང་ཚོགས་ཚང་མ་བདེ་འཇགས་ལྡན་པའི་ཁུལ་དུ་སྤོས་རྗེས་གཞི་ནས་སེམས་ལྷོད་ལ་བབས།
     ད་ཕན་ལོ་8རིང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4270ཡོད་པ་དང“ཡུན་ནན་གྱི་བྱང་སྣེ”ཞེས་སུ་བརྗོད་པའི་ཤང་དེར་ཁོང་གིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་གངས་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་རྩེ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ་ཤང་དེ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འཕེལ་རྒྱས་བཏང་བ་རེད།
     གཡག་རྭ་ཤང་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་གི་མཐའ་དང་ཁྲོན་བོད་འབྲེལ་མཚམས་ཀྱི་རི་མཐོ་གཡང་གཟར་ཁྲོད་དུ་གནས་མོད། འོན་ཀྱང་ཉེན་ཁ་དེ་ལྟ་བུས་རིན་ཆེན་ནོར་བུའི་གོམ་སྟབས་འགོག་ཐུབ་མེད།
     ཏང་ཡོན་ལས་བྱེད་པས་འགན་འཁྲི་ཁུར་ཕོད་པ་དང་འཐབ་ཕྱོགས་དང་པོར་ལངས་དགོས་ཞེས་པ་དེ་ནི་རིན་ཆེན་ནོར་བུས་ཡུལ་མི་ཚོར་བཞག་པའི་དམ་བཅའ་རེད།
     “ཏང་ཡོན་ཡིན་ཕྱིན་ཚང་མ་ལོངས་ཤོག”ཅེས་སྐད་ཤུགས་ཆེན་པོས་འབོད་མ་ཐག་ཕན་ཚུན་ཁ་གཏད་དུ་ལངས་པའི་མང་ཚོགས་ཚང་མ་ཁ་ཁུ་སིམ་པོར་གྱུར། ཤ་རྩི་ནག་ལ་གཟུགས་པོ་དེ་ཙམ་ཆེན་པོ་མེད་པའི་རིན་ཆེན་ནོར་བུས་ཕྱོགས་གཉིས་པོའི་བར་བརྗིད་ཉམས་ཆེ་ལ་ངར་ཤུགས་ཆེན་པོས་ལངས་པ་དང་ཏང་ཡོན་ཚོའི་བརྗིད་ཉམས་ལྡན་པའི་ཉམས་འགྱུར་མཐོང་སྐབས་ཕྱོགས་གཉིས་པོའི་མི་ཚོགས་ཀྱིས་ཡུད་ཙམ་ལངས་རྗེས་ཁ་གྲམ་འགོ་ཚུགས་པ་དང་ཟིང་ཆ་ཆེན་པོ་ལངས་ཉེན་ཡོད་པའི་གནས་ཚུལ་ཞིག་དེ་མུར་ཞི་ལྷོད་དུ་བཏང་བ་རེད།
     དེ་ནི་2015ལོར་ཡིན་པ་དང་རི་དང་ནགས་ཚལ་དང་འབྲོག་རའི་གནད་དོན་ཐད་གྲོང་མི་ཚོགས་ཆུང་གཉིས་དབར་རྩོད་གཞི་ཐོན་ནས་རེ་ཞིག་མི་བརྒྱ་ཕྲག་ཁ་ཤས་རུབ་ཡོད། རིན་ཆེན་ནོར་བུས་གནས་ཚུལ་ཤེས་རྗེས་ས་གནས་ས་ཐོག་ཏུ་ཕྱིན་ནས་ལས་བྱེད་པ་ཚོ་དང་མཉམ་དུ་སྟབས་བདེའི་སྦྲ་གུར་ནང་བསྡད་དེ་ཕྱོགས་གཉིས་པོར་བསམ་བློའི་སློབ་གསོ་བརྒྱབ་པ་དང་ཉིན་མཚན་70ལྷག་ཙམ་བསྟུད་མར་མཐའ་འཁྱོངས་བྱས་མོད། འོན་ཀྱང་མཐུན་སྦྱོར་བདེ་བླག་མ་བྱུང་བའི་རྐྱེན་གྱིས་ཁ་གཏད་དུ་ལངས་པའི་གནས་ཚུལ་ཐོན་ཡོད།
     རིན་ཆེན་ནོར་བུས“ངས་དཀྱིལ་དུ་ལངས་སྐབས་ཉེན་ཁ་ཡོད་ངེས་རེད། འོན་ཀྱང་འགག་རྩའི་སྐབས་འགོ་ཁྲིད་ལས་བྱེད་པ་དང་གུང་ཁྲན་ཏང་ཡོན་གྱིས་གདོང་མཆོང་བྱེད་དགོས”ཞེས་བཤད།
      ས་མཚམས་དབར་གྱི་འགལ་ཟླའི་རྩོད་གཞི་འདུམ་སྒྲིག་བྱ་ཆེད་རིན་ཆེན་ནོར་བུས་ཁྲིམས་ལྟར་འདུམ་སྒྲིག་བྱ་རྒྱུ་རྨང་གཞིར་བྱེད་པ་དང་། ཁྱིམ་མཚེས་དབར་མཛའ་གྲོགས་ཀྱི་ལམ་སྲོལ་ཁ་གསབ་ཏུ་བྱེད་པ། སློབ་གསོ་རྒྱག་པ་དང་མི་སེམས་འགུལ་བར་བྱ་རྒྱུ་བྱེད་ཐབས་སུ་བྱེད་པ་བཅས་ཀྱི་འདུམ་སྒྲིག་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ་ས་མཚམས་དང་། དབྱར་རྩྭ་དགུན་འབུ་སྐྱེ་ཡུལ། འབྲོག་ར་བཅས་ཀྱི་འགལ་ཟླའི་རྩོད་གཞི་མང་པོ་ཞིག་གྲུབ་འབྲས་ཐོབ་པའི་ངང་འདུམ་སྒྲིག་བྱས་པ་རེད། ཁོང་གིས་ལོ་ལྟར་འགལ་ཟླའི་རྩོད་གཞི་འདུམ་སྒྲིག་བྱེད་ཐེངས་40ལྷག་ཙམ་ནང་ཞུགས་ཡོད།
     སྤྲིན་གསེབ་འཕེལ་རྒྱས་བཏང་ནས་ཡུལ་མི་ཚོའི་སྣེ་ཁྲིད་པ་བྱེད་པ།
     འབྲི་ཆུའི་ངོགས་ཀྱི་བོད་བཟོའི་མང་ཚོགས་ཀྱི་ཁང་པ་སྟར་པ་རེ་རེ་བཞིན་ལ་ཉི་འོད་འཕྲོ་བ་དང་ཐོག་སྟེང་དུ་ལྷབ་ལྷུབ་གཡོ་བའི་རྒྱལ་དར་དེ་བས་མངོན་གསལ་དོད། འབུམ་སྟེང་གྲོང་ཚོའི་གྲགས་པའི་ནང་མི་ཚོ་སྒོ་རའི་ནང་ཁ་བརྡར་གློད་བཞིན་ཡོད་པ་དང་རིན་ཆེན་ནོར་བུ་སྒོ་ཁར་སླེབས་པ་མཐོང་སྐབས་ལོ་63ལ་སླེབས་པའི་གྲགས་པས་ཁོང་ཁྱིམ་དུ་བསུས།
    ན་ནིང་གསོ་སྤེལ་ལས་རིཌ་ལ་ཡོང་འབབ་ཇི་ཙམ་བྱུང་ངམ། ཁ་གསབ་རོཌ་དངུལ་གང་དག་འདུག་གམ……གྲགས་པའི་ཁྱིམ་དུ་སླེབས་སྐབས་རིན་ཆེན་ནོར་བུས་དེ་ལྟར་དྲིས་པ་དང་ཁོང་གིས་གྲགས་པའི་ཁྱིམ་གྱི་ཡོང་འབབ་རྩིས་བརྒྱབ་པ་དང་སྲིད་ཇུས་ལོངས་སྤྱོད་ཐུབ་མིན་ཞིབ་དཔྱད་བྱེད་པ་མ་ཟད་ད་དུང་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་ཀྱང་བྱས།
     གྲགས་པས་རྩིས་རྒྱག་བཞིན་དུ་སྦྲང་ནོར་བུ་གསོ་བ་དང་། ཞོག་ཁོག་དང་གཡེར་མ་འདེབས་པ་སོགས་ཀྱི་ཡོང་འབབ་སྒོར་ཁྲི་1.5ཙམ་ཡོད་པ་དང་རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་དང་སྐྱིན་གསབ་མ་དངུལ་ཁག་སྒོར་9000ལྷག་ཙམ་ཡོད་པས། ན་ནིང་ཁྱིམ་ཚང་གི་ཡོང་འབབ་ཁེ་གཙང་སྒོར་ཁྲི་3ལྷག་ཙམ་བྱུང་འདུག་ཅེས་བཤད།
     “སྔ་ས་ནས་སྤོ་འདོད་བྱུང”ཞེས་བཤད་པ་དང་གྲགས་པའི་དེ་སྔའི་སྡོད་ཡུལ་ནི་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཟིན་པ་དང་ས་གཤིས་གནོད་འཚེའི་ཉེན་ཁ་ཡོད་པའི་ཁར་རྟག་ཏུ་འཐུང་ཆུ་མི་འདང་བ་དང་གྲོང་ཚོ་ནས་ཕྱིར་འགྲོ་བའི་ལམ་ཆུང་གཅིག་ལས་མེད་ཅིང་། ནང་མི་དགུ་པོ་ས་རྡོ་ལས་གྲུབ་པའི་ཁང་པའི་ནང་མི་ཕྱུགས་མཉམ་སྡོད་བྱེད་ཀྱི་ཡོད། སྐབས་དེ་དུས་གཡག་རྭ་བ་མང་པོ་ཞིག་རི་སྟེང་དུ་འཚོ་བ་སྐྱེལ་བ་དང་འབབ་འཕར་ཐོན་ལས་སྐྱེད་སྲིང་བྱེད་དཀའ་ལ་དབུལ་སྒྲོལ་ཐད་དེ་བས་དཀའ་ངལ་ཆེན་པོ་ཡོད་པ་རེད།
     2012ལོར་སྐབས་དེ་དུས་ཤང་ཀྲང་ཡིན་པའི་རིན་ཆེན་ནོར་བུས་སྦག་སྦག་བཞོན་ནས་གད་པ་རྡིབ་པ་དང་རྡོ་ཟགས་པ་སོགས་ཀྱི་ཉེན་ཁར་མི་འཛེམས་པར་གྲོང་ཚོ་དང་དུད་ཚང་རེ་རེ་བཞིན་སྐུལ་སློང་བྱས་ཏེ་ས་ཞིང་དང་ཐོན་ལས་ཀྱི་རྣམ་གྲངས་མཐུན་སྦྱོར་བྱས་ཡོད། ལོ་ཤས་ནང་ཁོང་གིས་གྲོང་མིའི་ཚོགས་ཆུང་8དང་དུད་ཚང་120ལྷག་ཙམ་གནས་སྤོས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། སྦྲང་ནོར་བུ་དང་གཡེར་མ་སོགས་ཀྱི་ཐོན་ལས་གསོ་སྤེལ་བྱས་པས་གྲོང་མིའི་དཔལ་འབྱོར་ཆ་རྐྱེན་ལེགས་སུ་ཕྱིན་པ་དང“དབུལ་པོའི་གནས་ལས་སྤོ་བ་དང་། དབུལ་པོའི་ལས་གནས་སྒྱུར་བ། དབུལ་པོའི་རྣམ་པ་སྒྱུར་བ། དབུལ་པོའི་རྩ་བ་སྔོག་པ”བཅས་བྱེད་ཐུབ་པ་རེད།
     སྤྲིན་གསེབ་ཏུ་ལེགས་སྐྱེས་ཕུལ་ཏེ་དམངས་ལ་ཕན་པའི་ལག་བསྟར་བ་ཞིག་བྱེད་པ།
     2011ལོའི་ཟླ་3པའི་ཟླ་འགོར་རིན་ཆེན་ནོར་བུས་རྒྱབ་ཏུ་ལམ་ཆས་འཁྱེར་ནས་གཡག་རྭ་ཤང་དུ་ལས་འགན་འཁུར་བར་བསྐྱོད་པ་རེད། གངས་གསོག་ཐེབས་པའི་ལམ་བུའི་ཐོག་ཁོང་ཚོས་འགྲོ་མཚམས་འཇོག་གིན་ལམ་ངོས་ཡང་ཡང་གཙང་སེལ་བྱེད་པ་དང་། ཉིན་གཉིས་དཀའ་ལས་བརྒྱབ་རྗེས་གཞི་ནས་ཤང་སྲིད་གཞུང་གནས་ཡུལ་དུ་སླེབས། ཐག་རིང་ལུང་ཁུག་གི་དཀའ་ངལ་དེ་ཁོང་ལ་དངོས་སུ་མྱོང་ཚོར་བྱུང་བ་རེད།
     “གལ་སྲིད་མི་སྡོད་མ་ཐུབ་ཚེ། འཕེལ་རྒྱས་ཡོང་མི་སྲིད”ཅེས་བརྗོད་པ་དང་།
     རིན་ཆེན་ནོར་བུས་གཡག་རྭ་ཤང་དུ་འགྲོ་ཐུབ་ཙམ་གྱིས་མི་འགྲིག་པར་དེ་གའི་མི་སེར་ཆེད་ལས་དོན་སྒྲུབ་དགོས་ཀྱི་ཡོད། ཉིན་དེའི་དགོང་མོ་རིན་ཆེན་ནོར་བུ་ཉལ་ཁྲིའི་སྟེང་ཨ་སློག་ཡང་ཡང་རྒྱག་བཞིན་དུ་གཡག་རྭ་ཤང་གི་འབྱུང་འགྱུར་འཕེལ་རྒྱས་ལ་བསམ་གཞིག་བྱས་པ་དང་། ཁོང་གིས་གཡག་རྭ་ཤང་དེ་རང་ཉིད་ཀྱི་ཁྱིམ་ཚང་ལ་བརྩིས་ནས་དེར་ལས་དོན་ཧུར་ཐག་བསྒྲུབ་རྒྱུའི་སེམས་ཐག་བཅད་པ་རེད།
     རྟ་མདའ་ཆུ་གློག་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་མཐུན་སྦྱོར་བྱེད་རིང་གནས་ཚུལ་དངོས་ཤེས་རྟོགས་བྱ་ཆེད་ཁོང་གིས་རྟ་མདའ་ཆུ་བོ་ཐེངས་བཞི་སྒྲོལ་བ་རེད། གལ་སྲིད་ལས་རོགས་ཀྱིས་དུས་ཐོག་ཏུ་འཐེན་ཐུབ་མེད་ཚེ་ཁོང་ཆུས་འཁྱེར་རྒྱུ་ལས་མ་འདས།
     མི་ཧྲེང་རྒན་རྒོན་ཆོས་སྒྲོན་ལ་རོགས་རམ་བྱ་ཆེད་ཁོང་གིས་མ་དངུལ་བསྡུ་རུབ་བྱས་ཏེ་ཁང་པ་བརྒྱབ་པ་དང་འབྲེལ་བཟའ་འབྲུ་དང་། ཕོ་ཁེབས། གྱོན་ཆས་ལ་སོགས་སྤྲད་པ་རེད།
     “ཡུལ་མི་འཕེལ་རྒྱས་ཡག་པོ་བྱུང་ཚེ། ང་ཡང་བློ་ཡིད་འཚིམ་སོང”ཞེས་པ་དེ་ནི་གཡག་རྭ་ཤང་དུ་བརྟན་སྲུང་བྱེད་པའི་རིན་ཆེན་ནོར་བུས་དུས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད། འོན་ཀྱང་ནང་མིའི་ངོས་ནས་བརྗོད་ན་ཁོང་ལ་གནོང་འགྱོད་ཆེན་པོ་ཡོད་པ་རེད།
     བཟའ་ཚོ་གཉིས་ཡུན་རིང་པོ་ས་ཆ་གཉིས་སུ་སོ་སོར་བསྡད་ཡོད་པ་དང་། ལོ་ལྟར་གྲོང་གསེབ་ཏུ་ཡོད་པའི་ཕ་མའི་གམ་དུ་ཉིན་གསུམ་ཡང་སྡོད་ཁོམ་མེད་ཅིང་། རིན་ཆེན་ནོར་བུའི་ཁྱིམ་གྱི་ནང་མི་གསུམ་ས་ཆ་གསུམ་དུ་བསྡད་ཡོད། བཟའ་ཟླ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་རུ་ཡོད་པ་དང་། བུ་སློབ་གྲྭར་འགྲོ་གི་ཡོད། 2013ལོར་བཟའ་ཟླ་དང་བུས་གཡག་རྭ་ཤང་དུ་ཁོང་ལ་ལྟ་བར་སླེབས་པའི་ཉིན་གཉིས་པར་བུས་རིན་ཆེན་ནོར་བུར“པཱ་ལགས། ཁྱེད་རང་འདིར་མ་བཞུགས། ང་ཚོ་མཉམ་དུ་ལོག་འགྲོ”ཞེས་བརྗོད་པ་རེད། བུའི་སྐད་ཆ་དེས་རིན་ཆེན་ནོར་བུའི་ཆོད་སེམས་ལ་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མེད་པར་ཁོང་གིས་སྔར་བཞིན་ས་ཆ་དེར་བརྟན་སྲུང་བྱས།
     ཁོང་གིས་ལོ་བརྒྱད་ཉིན་གཅིག་ལྟར་གཡག་རྭ་ཤང་དུ་སྡོད་སྐབས་འཁང་ར་གཏན་ནས་བྱེད་མྱོང་མེད་ལ། རྩ་འཛུགས་ལ་ཡང་མི་སྒེར་གྱི་རེ་བ་གང་ཡང་འདོན་མྱོང་མེད་པ་ལས་རོགས་ཚོས་གསལ་པོ་ཤེས་ཀྱི་ཡོད།