འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་31ཉིན།

༄༅།།མདོ་ལའི་རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་གཞི་དངོས་སུ་བཙུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་31ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་29ཉིན་མདོ་ལའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ་དང་ནུབ་རྒྱུད་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་མདོ་ལར་སྣོད་བཅུད་ཀྱི་ས་ཁོངས་སྒྲོལ་བའི་གཅིག་གྱུར་སྲུང་སྐྱོང་དོ་དམ་མངོན་འགྱུར་བྱུང་ཡོད།
     ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་སྒྲོལ་བའི་མདོ་ལ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། རྨ་ཆུ་རྒྱུག་ཁུལ་གྱི་ཆུ་འགོའི་རྒྱུག་ཁུལ་གལ་ཆེན། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྔོན་ལ་སྲུང་སྐྱོང་བྱ་ཡུལ་བཅས་ཡིན།
     རང་རྒྱལ་གྱིས་ཁག་དང་པོར་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་10ཡི་གྲས་ཤིག་ཡིན་པའི་ཆ་ནས། མདོ་ལའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་ཁུལ་གྱིས་སྲིད་འཛིན་མཐའ་མཚམས་ཀྱི་གཅུན་འདོམས་མེད་པ་བཟོས་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་5.02ཟིན་པའི་ཁྲོད་ཀན་སུའུ་ཡུག་ཁུལ་དུ་སྤྱི་ལེ་ངོས་གྲུ་ཁྲི་3.44ཟིན་པ་དང་མཚོ་སྔོན་ཡུག་ཁུལ་དུ་སྤྱི་ལེ་ངོས་གྲུ་ཁྲི་1.58ཟིན་ཡོད། ནགས་ཚལ་དང་། རྩྭ་ཐང་། ཐང་རྒོད། འདམ་ར་བཅས་ཁྱབ་ཡོད།
     རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཁྲུན་ལེའང་གིས་མདོ་ལའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་མདོ་ལའི་སྣོད་བཅུད་ཁོར་ཡུག་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་གོ་སྐབས་སུ་བྱེད་པ་དང་ལོ་རྒྱུས་ཀྱི་བཞག་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་སྣོད་བཅུད་ཉམས་བཟོའི་དཔེ་མཚོན་ཁུལ་ཞིག་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བཤད།