འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་30ཉིན།

༄༅།།ཝན་ཀྲོའུ་སྤྱི་སྤྱོད་རླངས་འཁོར་ཆུ་ནང་ལྷུངས་པའི་ཡུལ་དངོས་སུ་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་29ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཝན་ཀྲོའུ་སྤྱི་སྤྱོད་རླངས་འཁོར་ཆུ་ནང་ལྷུངས་པའི་ཡུལ་དངོས་སུ་བསྐྱོད་པ།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན་གྱི་ཆུ་ཚོད་10དང་སྐར་མ་08པར་ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་གྱི་འབྲི་ཆུའི་ཟམ་པ་གཉིས་པའི་ཐོག་དུ་སྤྱི་སྤྱོད་རླངས་འཁོར་ཞིག་དང་མོ་ཊ་ཆུང་བ་ཞིག་གདོང་ཐུག་བརྒྱབ་རྗེས། སྤྱི་སྤྱོད་རླངས་འཁོར་ནི་འབྲུ་ཆུའི་ནང་དུ་ལྷུངས་པ་རེད།
     དོན་རྐྱེན་འདི་བྱུང་རྗེས་སུ། རྒྱལ་ཁབ་འཕྲལ་བསྟུན་དོ་དམ་པུའུ་དང་སྤྱི་བདེ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱིས་མངགས་པའི་མི་སྣ་ཡུལ་དངོས་སུ་བསྐྱོད་པ་དང་། ནུས་ཤུགས་ཡོད་ཚད་ཀྱིས་ཡུལ་དེ་གའི་མི་སྣ་འཚོལ་སྐྱོབ་ལས་ཀར་རོགས་རམ་བྱས་པ་རེད། 
     མིག་སྔར། མྱུར་སྐྱོབ་གྲུ་གཟིངས་20ལྷག་དོན་རྐྱེན་བྱུང་སར་སླེབས་ནས་མྱུར་སྐྱོབ་འགོ་བརྩམས་ཡོད་པ་དང་། ལག་རྩལ་གྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རླངས་འཁོར་ནུབ་ས་ངོས་འཛིན་བྱས་པ་དང་། ཆུ་ནས་ཡར་ལེན་རྒྱུ་རྩ་འཛུགས་བྱེད་བཞིན་ཡོད། མྱུར་སྐྱོབ་ནུས་ཤུགས་གཞན་དག་ཀྱང་མུ་མཐུད་དུ་འབྱོར་བཞིན་ཡོད། ཡུལ་དངོས་ནས་རྐྱེན་ལམ་དུ་ཤོར་བའི་མི་གཉིས་ཀྱི་ཕུང་པོ་རྙེད་པ་དང་། ད་ལྟ་ཐོབ་ཐང་ཞིབ་བཤེར་བྱེད་བཞིན་ཡོད། 
     གསར་འགོད་པས་དོན་རྐྱེན་བྱུང་ཡུལ་དངོས་ནས་མཐོང་གསལ། མཚན་མོར་སླེབས་ཀྱང་། མྱུར་སྐྱོབ་མི་སྣས་བྲེལ་འཚུབ་ངང་མྱུར་སྐྱོབ་ཀྱི་ལས་ཀ་སྔར་བཞིན་བྱེད་བཞིན་ཡོད།
    བརྟག་དཔྱད་ཞིབ་འདྲི་བྱས་པ་དང་། སྤྱི་སྤྱོད་རླངས་འཁོར་གྱི་ལྟ་སྐུལ་ཚོད་འཛིན་གྱི་བརྙན་ཕབ་ལ་གཞིགས་ན། སྐབས་དེར་རླངས་འཁོར་ནང་དུ་འགྲུལ་པ་ཁྱོན་མི་10ལྷག་ཡོད་པ་ཤེས་ཐུབ། 
༄༅།།ཝན་ཀྲོའུ་སྤྱི་སྤྱོད་རླངས་འཁོར་ཆུ་ནང་ལྷུངས་པའི་ཡུལ་དངོས་སུ་བསྐྱོད་པ།