མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས“ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྒྱུ་རྩལ་དུས་ཆེན”སྐབས་བཞི་པ་མཇུག་
འགྲིལ་བའི་མཛད་སྒོའི་ཐོག་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་27ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། “ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྒྱུ་རྩལ་དུས་ཆེན”སྐབས་བཞི་པ་ཟླ་10ཚེས་25ཉིན་སི་ཁྲོན་ཁྲེང་ཏུའུ་རུ་མཇུག་འགྲིལ་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་སྟེ་སྒྱུ་རྩལ་དུས་ཆེན་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་ཨའི་དབར་ཤེས་དཔལ་སྤེལ་རེས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་ལོ་རྒྱུས་ཐོག་ཀྲུང་ཧྭ་ཡི་ཤེས་དཔལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཤེས་དཔལ་ཕན་ཚུན་འོད་མདངས་འཕྲོ་བ་ཞིག་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས“ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྒྱུ་རྩལ་དུས་ཆེན”གཉེར་བ་ནི་ཀྲུང་ཨ་ཕྱོགས་གཉིས་པོས་དམངས་སེམས་ཕན་ཚུན་འབྲེལ་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་པོའི་ཤེས་དཔལ་སྤེལ་རེས་དང་མི་ཆོས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ཀྱི་མཉམ་ལས་དང་། ཐུན་མོང་ཐོག་འཕེལ་རྒྱས། འབྱུང་འགྱུར་ལ་ཕྱོགས་པ་བཅས་ཀྱི་ཐད་ཀྲུང་ཨའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དང་སྤྱི་ཚོགས་དང་དམངས་ཀྱི་འདུན་པའི་རྨང་གཞི་བརྟན་དུ་གཏོང་ཆེད་ཀྲུང་ཨའི་ལས་དབང་གཅིག་མཐུན་འདུས་གྲུབ་ཧུར་ཐག་གཏོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
         འདི་ལོའི་ཟླ་7པར་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་ཨ་མཉམ་དུ་ཀྲུང་གོར་གཉེར་བའི“ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྒྱུ་རྩལ་དུས་ཆེན”སྐབས་བཞི་པ་དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད། ཟླ་3རིང་ཀྲུང་ཨ་ཕྱོགས་གཉིས་པོས་མཉམ་དུ་ཀྲུང་གོར་གཉེར་བའི་ནང་དོན་ཁག་20ལྷག་ཙམ་དེ་དག་ནང་དཔེ་དེབ་དང་། རོལ་དབྱངས། ཞབས་བྲོ། ཡིག་གཟུགས། རི་མོ། འཇིམ་བརྐོས། སྙན་ངག ཞིམ་ཟས། གྱོན་གོས། པར་རྒྱག་བཅས་དང་དེ་བཞིན་རྒྱའི་རིག་གནས་སོགས་ཁྱབ་ཁོངས་ཀྱི་ངོ་མཚར་ཆེ་བའི་བྱེད་སྒོ་མང་པོ་ཚུད་པ་དེ་དག་ཀྲུང་ཨ་ཕྱོགས་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་ལོན་པ་དང་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད། 

  
style="display:none;"