མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བརྒྱད་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་27ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བརྒྱད་པ་ཚེས་25ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
         ཞི་ཅིན་ཕིང་གིས་པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བརྒྱད་པ་འཚོགས་པའི་སྐབས་སུ། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་གླེང་སྟེགས་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་མ་ཟད། གླེང་སྟེགས་ལ་ཕེབས་པའི་རྒྱལ་ཁབ་ཁག་གི་འགོག་སྲུང་ལས་དོན་སྡེ་ཚན་དང་། དམག་དཔུང་གི་འགོ་ཁྲིད། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
        ཞི་ཅིན་ཕིང་གིས་ད་ཆའི་འཛམ་གླིང་ལ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། 
        གཉིས་ཕན་བཅས་ནི་དུས་རབས་ཀྱི་རླབས་རྒྱུན་ཞིག་རེད་ལ། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་མ་ལག་དང་རྒྱལ་སྤྱིའི་སྒྲིག་གཞིར་འགྱུར་ལྡོག་མྱུར་པོ་ཡོང་བཞིན་ཡོད་པས། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ལས་དབང་དང་བདེ་སྡུག་གཅིག་ཏུ་འབྲེལ་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བའི་སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་འགྲན་སློང་ཞིག་འཕྲད་ཀྱི་ཡོད། ཀྲུང་གོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ཀྱི་ལྟ་ཚུལ་གསར་པ་མཐའ་འཁྱོངས་བྱས་ནས། སྔར་བས་སྒོ་དབྱེའི་རྣམ་འགྱུར་དང་རྒྱལ་ཁབ་ཁག་དང་ཕྱར་བ་གྲུ་འདེགས་ཀྱིས་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་དང་། མཉམ་ལས་ལ་བརྟེན་ནས་བདེ་འཇགས་སྐུལ་མ་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་མ་གཏོང་འདོད་ཡོད། ཀྲུང་གོའི་དམག་དཔུང་ནི་སྔ་བར་ཕྱི་གསུམ་དུ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་མཁན་གྱི་སྟོབས་ཤུགས་བརྟན་པོ་ཞིག་རེད་གསུངས།
         ཞི་ཅིན་ཕིང་གིས་པེ་ཅིང་ཤང་ཧྲན་གླེང་སྟེགས་ནི་རྒྱལ་སྤྱིའི་བདེ་འཇགས་དང་འགོག་སྲུང་ཐད་སྐད་ཆ་ཤོད་རེས་བྱེད་པའི་གླེང་སྟེགས་གལ་ཆེན་ཞིག་རེད། གླེང་སྟེགས་འདི་བཙུགས་ཚུན། འདྲ་མཉམ་དང་། སྒོ་དབྱེ། བསྟུན་མཁས། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་བདེ་འཇགས་ཐད་ཀྱི་སྐད་ཆ་ཤོད་རེས་དང་ཕན་ཚུན་ཡིད་ཆེས་ངང་མཉམ་ལས་ལ་སྐུལ་མ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ད་རེས་གླེང་སྟེགས་ཀྱིས“འདྲ་མཉམ་ཡིད་ཆེས་དང་མཉམ་ལས་གཉིས་ཕན་གྱི་བདེ་འཇགས་རོགས་ཟླའི་འབྲེལ་བ་གསར་པ་གཏོད་པ”བརྗོད་དོན་གཙོ་བོར་བྱས་ནས་ཚང་མས་བློ་བསྡུས་གྲོས་མོལ་དང་། ཐུན་མོང་གི་ངོས་འཛིན་འགྲུབ་པར་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་གཏོད་རྒྱུར་སྐུལ་མ་བཏང་ནས། མཉམ་དུ་མིའི་རིགས་ལ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་རེ་བ་ཡོད། མཇུག་ཏུ་པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བརྒྱད་པ་ཐུགས་གྲ་ལེགས་འགྲིག་ཡོང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས།

  
style="display:none;"