འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་26ཉིན།

༄༅།།དགུན་དུས་མཁའ་སྐྱོད་དུས་ཚིགས་སུ་ལན་ཀྲོའུ་ཡིས་ཉིང་ཁྲི་དང་མང་ཧྲེ་སོགས་ལ་སྐྱོད་པའི་མཁའ་ལམ་མང་པོ་ཤར་གཏོང་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་26ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་ལན་ཀྲོའུ་ཀྲུང་ཁྲོན་རྒྱལ་སྤྱིའི་གནམ་ཐང་ནས་ཤེས་རྟོགས་བྱུང་བར། ལན་ཀྲོའུ་ཡིས་2018ནས་2019ལོའི་བར་གྱི་དགུན་དུས་མཁའ་སྐྱོད་དུས་ཚིགས་ནང་བོད་ལྗོངས་ཉིང་ཁྲི་དང་ཡུན་ནན་གྱི་མང་ཧྲེ་སོགས་མཁའ་ལམ་གསར་པ་མང་པོ་ཤར་གཏོང་བྱ་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱིས་2018ནས་2019ལོའི་བར་གྱི་དགུན་དུས་མཁའ་སྐྱོད་དུས་ཚིགས་ཟླ་10ཚེས་28ཉིན་དངོས་སུ་འགོ་འཛུགས་རྒྱུ་དང་2019ལོའི་ཟླ་3ཚེས་30ཉིན་མཇུག་འགྲིལ་རྒྱུ་རེད། ད་རེས་ཀྱི་དུས་ཚིགས་བསྒྱུར་བའི་ཁྲོད་ལན་ཀྲོའུ་ཀྲུང་ཁྲོན་རྒྱལ་སྤྱིའི་གནམ་ཐང་གིས་གསར་དུ་བཏོད་པའི་མཁའ་ལམ་དུས་མཚུངས་ལས་32མང་དུ་བཏང་བ་དང་ཉིང་ཁྲི་དང་། མང་ཧྲེ། ཧོའེ་ཨན། ཧུའེ་ཀྲོའུ། ཨ་ཁེ་སུའུ། ཏ་ཐུང་། ལུང་ནན། པ་ཡན་ཀྲོའར་སོགས་མཁའ་འགྲུལ་ས་ཚིགས་11མང་དུ་བཏང་ཡོད་པ་རེད།
         དེའི་ཁྲོད་ལན་ཀྲོའུ་ནས་ཉིང་ཁྲིའི་བར་གྱི་མཁའ་ལམ་ནི་བོད་ལྗོངས་མཁའ་འགྲུལ་གྱིས་འཕུར་འགན་འཁུར་རྒྱུ་དང་། ལན་ཀྲོའུ་ནས་མང་ཧྲེ་བར་གྱི་མཁའ་ལམ་ནི་རུའེ་ལི་མཁའ་འགྲུལ་གྱིས་འཕུར་འགན་འཁུར་རྒྱུ། ལན་ཀྲོའུ་ནས་ཧོའེ་ཨན་བར་གྱི་མཁའ་ལམ་ནི་ཁྲུན་ཆིའུ་མཁའ་འགྲུལ་གྱིས་འཕུར་འགན་འཁུར་རྒྱུ་རེད། དེ་དག་ཚང་མ་ཉིན་རེར་འཕུར་ཐེངས་རེ་ཡིན་པ་རེད།