འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་26ཉིན།

༄༅།།ཁེ་ལས་1042ཀྱིས་སི་ཁྲོན་བོད་རིགས་ས་ཁུལ་གྱི་གྲོང་ཚོ་དབུལ་པོ་1007ལ་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་26ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། གསར་འགོད་པར་སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་གྱི་ཁེ་ལས་1042ཀྱིས་སི་ཁྲོན་བོད་རིགས་ས་ཁུལ་གྱི་གྲོང་ཚོ་དབུལ་པོ་1007ལ་ཆ་སྒྲིག་རོགས་སྐྱོར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་པ་རེད།
         བོད་རིགས་ས་ཁུལ་གྱི་གྲོང་ཚོ་དབུལ་པོའི་ཆ་སྒྲིག་རོགས་སྐྱོར་ནང་ཞུགས་པའི་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བས། དབུལ་སྒྲོལ་འགག་སྒྲོལ་ཁྲོད་ང་ཚོས་ཁེ་ལས་ཀྱི་ཁྱད་ལྡན་ལེགས་ཆ་དང་ཁེ་ལས་ཀྱིས་ལས་མི་བསྡུ་བའི་ཐབས་ལམ་གཙོ་བོའི་ནུས་པ། ཤེས་ལྡན་པའི་ལེགས་ཆ་བཅས་འདོན་སྤེལ་བྱས་ནས་བོད་རིགས་ས་ཁུལ་ལ་མི་ཤུགས་ཐོན་ཁུངས་ཀྱི་འཇུར་མིག་གི་གནད་དོན་ཐག་གཅོད་བྱེད་རོགས་དང་། བོད་རིགས་ས་ཁུལ་གྱི་ཁེ་ལས་དང་། ཐོན་ལས། སློབ་སྦྱོང་། ལས་ཞུགས། ལས་གཏོད་བཅས་ཀྱི“ལས་རིགས་ལྔ་མཉམ་འགུལ”ཡོང་བར་རོགས་པ་བྱ་རྒྱུ་ཡིན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སེར་ཤུལ་རྫོང་ཨ་རིགས་རྫ་ཤང་དམག་འབུད་གྲོང་ཚོའི་ཧྲུའུ་ཅི་དང་པོ་དབྱང་ཧྥུའུ་ཆོན་གྱིས། གྲོང་ཚོའི་ནང་རྡོ་བརྐོས་སོགས་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཡོད་པ་ཕུད། ད་དུང་ས་མཐོའི་ཁྱད་ལྡན་གྲོ་མ་དང་། དབྱར་རྩྭ་དགུན་འབུ། སྙི་བ། སོགས་ཀྱང་ཡོད་ཅེས་གསར་འགོད་པར་བཤད་པ་དང་། ཁོང་གིས“ས་མཐོའི་གྲོང་ཚོ་དབུལ་པོ་ཞིག་ཡིན་པའི་ངོས་ནས་ཁེ་ལས་ཀྱིས་ཁ་གཏད་དབུལ་སྐྱོར་ལས་ཚང་མའི་མཐོང་རྒྱ་ཆེ་རུ་འགྲོ་རྒྱུ་མ་ཟད། ཐོན་རྫས་དང་ཁྲོམ་ར་དངོས་འབྲེལ་སྦྲེལ་མཐུད་ཐུབ་སྟེ་ཐོན་ཟོག་ལ་རིན་གོང་ཡག་པོ་རག་ཐུབ”ཅེས་བཤད།
         མིག་སྔར་སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་སི་ཁྲོན་ཞིང་ཨུད་བོད་རིགས་ས་ཁུལ་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་སི་ཁྲོན་བོད་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི“ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་ལ་རོགས་རམ་བྱེད་པའི”བྱེད་སྒོ་དངོས་སུ་འགོ་ཚུགས་ཤིང་། བཀོད་སྒྲིག་ལ་གཞིགས་ན་སི་ཁྲོན་གྱི“ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་ལ་རོགས་རམ་བྱེད་པའི”ལས་འགན་སྔར་བས་ཞིབ་ཚགས་སུ་བཏང་སྟེ་མཐུན་སྦྱོར་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་ཞིག་རྒྱག་རྒྱུ་རེད།