འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་25ཉིན།

༄༅།།སི་ཁྲོན་གྱི་བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་
རིག་གནས་གསར་གཏོད་ཐོན་རྫས་ཀྱི་འགྲེམས་སྟོན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་25ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།སི་ཁྲོན་གྱི་བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་
རིག་གནས་གསར་གཏོད་ཐོན་རྫས་ཀྱི་འགྲེམས་སྟོན་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་24ཉིན། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས་གཙོ་གཉེར་བྱས་པའི“སི་ཁྲོན་གྱི་བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་རིག་གནས་གསར་གཏོད་ཐོན་རྫས་ཀྱི་འགྲེམས་སྟོན་སི་ཁྲོན་ཞིང་ཆེན་ཅཱ་ཅང་རྫོང་དུ་དངོས་སུ་འགོ་ཚུགས་ཡོད།
         ད་ཐེངས་ཀྱི་བྱེད་སྒོ་ནི་རིག་གནས་པུའུ་དང་། ནོར་སྲིད་པུའུ་ཡི《བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་ཀྱི་སྤྱིའི་འཆར་འགོད》ལག་བསྟར་བྱེད་པའི་རྨང་གཞིའི་ཐོག་གཉེར་བ་ཞིག་ཡིན། སི་ཁྲོན་ཞིང་ཆེན་དེ་རྒྱལ་ཁབ་ཀྱི་བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་ཀྱི་ལྟེ་བའི་ས་ཁོངས་ཡིན་པའི་ཆ་ནས་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པའི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་པས་ཐོན་ལས་གཞི་རྟེན་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཡོངས་ནས་བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་གླིང་ཁུལ་ཐོག་མར་འཛུགས་རྒྱུའི་འཚོལ་ཞིབ་བྱས་ཡོད།
       ཤེས་རྟོགས་བྱུང་བར་གཞིགས་ན། བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་གླིང་ཁུལ་སི་ཁྲོན་ཞིང་ཆེན་ཅཱ་ཅང་རྫོང་དུ་གཞིས་ཆགས་པ་དང་། བྱེད་སྒོ་དེ་ཟླ་10ཚེས་24ནས་ཟླ་11ཚེས་2ཉིན་བར་ཐོན་ལས་གླིང་ཁུལ་དུ་གཉེར་རྒྱུ་ཡིན་པ་རེད།
【1】  【2】
༄༅།།སི་ཁྲོན་གྱི་བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་
རིག་གནས་གསར་གཏོད་ཐོན་རྫས་ཀྱི་འགྲེམས་སྟོན་འགོ་ཚུགས་པ།