འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་23ཉིན།

༄༅།།བོད་ལྗོངས་མེ་ཏོག་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཚོར་རིག་རྩལ་འཁྲབ་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་23ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།བོད་ལྗོངས་མེ་ཏོག་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཚོར་རིག་རྩལ་འཁྲབ་སྟོན་བྱས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་སྒྲིག་འཛུགས་བྱས་པའི་འཁྲབ་སྟོན་མི་སྣ་16མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གནས་སྐབས་གེགས་སེལ་བཀོད་སྒྲིག་བྱ་ཡུལ་དུ་སྐྱོད་དེ།  ས་གནས་དེ་གའི་མང་ཚོགས་ཚོར་དམངས་ཁྲོད་ཞབས་བྲོ་འཁྲབ་སྟོན་བྱས་པ་རེད།  ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་ཤུགས་རྐྱེན་འོག་འཁྱིལ་མཚོའི་སྨད་རྒྱུད་དུ་གནས་པའི་མེ་ཏོག་རྫོང་འབྲས་སྤུངས་ཤང་འབྲས་སྤུངས་གྲོང་ཚོ་དང་ཅང་གྲོང་གསར་གྱི་གྲོང་མི་གནས་སྐབས་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོར་གནས་སྤོ་བཀོད་སྒྲིག་བྱས་ཡོད། རིག་རྩལ་བྱེད་སྒོ་གཤམ་སྤེལ་བྱས་པས་ས་གནས་དེའི་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།