འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་22ཉིན།

༄༅།།མཚོ་སྔོན་ན་གཞོན་ལྷ་བཟོའི་རྩལ་ནུས་འགྲན་བསྡུར་ཆེན་མོ་ལས་རྩལ་འགྲན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་22ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།མཚོ་སྔོན་ན་གཞོན་ལྷ་བཟོའི་རྩལ་ནུས་འགྲན་བསྡུར་ཆེན་མོ་ལས་རྩལ་འགྲན་པ།
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་20ཉིན། མཚོ་སྔོན་ཞིང་ཆེན་ཐང་གའི་སྒྱུ་རྩལ་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གསུམ་པ་ཟི་ལིང་དུ་འཚོགས་པ་དང་། ན་གཞོན་ལྷ་བཟོ་70ལྷག་ཙམ་སྐྱིལ་ཀྲུང་དུ་བསྡད་ནས་རྒྱུགས་ལེན་ཁྲོད་པིར་རྩེའི་རྩལ་འགྲན་པ་རེད། ཐང་གའི་བརྗོད་གཞིའི་ནང་དོན་མང་ཆེ་བ་ནི་བོད་ཀྱི་ཆོས་ལུགས་དང་། ལོ་རྒྱུས། ཆབ་སྲིད། རིག་གནས། སྤྱི་ཚོགས་ཀྱི་འཚོ་བ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད། མཚོ་སྔོན་ཞིང་ཆེན་རེབ་གོང་རྫོང་ནི་ཀྲུང་གོའི“བོད་ཀྱི་ལྷ་བཟོའི་ཕ་ཡུལ”ཞེས་སུ་གྲགས། ཡུལ་དེ་གའི་ཐང་གས་གཙོར་བྱེད་པའི་རེབ་གོང་སྒྱུ་རྩལ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་བཀོད་པ་དང་། ཡུལ་དེ་གའི་གཉན་ཐོག་དང་། སྒོ་དམར། སེང་གེ་གཤོང་སོགས་གྲོང་སྡེར“ཁྱིམ་ཚང་ཚང་མར་ལྷ་བཟོ་ཡོད་ལ། ཁྱིམ་ཚང་ཚང་མས་ཐང་ག་བཞེངས་ཀྱི་ཡོད།” 
【1】  【2】
༄༅།།མཚོ་སྔོན་ན་གཞོན་ལྷ་བཟོའི་རྩལ་ནུས་འགྲན་བསྡུར་ཆེན་མོ་ལས་རྩལ་འགྲན་པ།
༄༅།།མཚོ་སྔོན་ན་གཞོན་ལྷ་བཟོའི་རྩལ་ནུས་འགྲན་བསྡུར་ཆེན་མོ་ལས་རྩལ་འགྲན་པ།