འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་22ཉིན།

༄༅།།རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས་AG600མཚོ་ངོས་ནས་ཐེངས་དང་པོ་འཕུར་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་22ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས་AG600མཚོ་ངོས་ནས་ཐེངས་དང་པོ་འཕུར་བ།
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་20ཉིན། ཀྲུང་གོས་རང་བརྟེན་ཞིབ་བཟོ་བྱས་པའི་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས--“ཁུན་འབྲུག”AG600ཧུའུ་པེའི་ཅིང་མོན་ཀྲང་ཧོ་ཆུ་བོའི་གནམ་ཐང་མཚོ་ངོས་ནས་ཐེངས་དང་པོ་འཕུར་རྒྱུ་ལེགས་གྲུབ་བྱུང་བ་རེད།
           སྐབས་དེར་ཀྲུང་གོའི་གནམ་གྲུ་ཆེ་གྲས“མཁའ་དབྱིངས་སུ་འཕུར་བ་དང་མཚོ་ངོས་སུ་བབས་པའི”གོམ་སྟབས་སྤོ་འགོ་ཚུགས་ནས་མཁའ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་སྒྲོམ་གཞི་མངོན་གསལ་ཇེ་དོད་དུ་སོང་ཞིང་། འདི་ནི་ཟླ་10ཚེས་17ཉིན“ཁུན་འབྲུག”AG600མཚོ་ངོས་སུ་རྒྱུགས་པའི་ཚོད་ལྟ་བྱེད་པའི་གནས་ཚུལ་ཡིན་པ།