འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་19ཉིན།

༄༅།།རྒྱལ་ཡོངས་མཐའ་དར་དམངས་ཕྱུག་བྱ་སྤྱོད་དང་མི་རིགས་དོན་གཅོད་ཨུ་ལྷན་ཁོངས་གཏོགས་ཀྱི་ཤིན་ཅང་དང་བོད་ལྗོངས་
ལ་ཁ་གཏད་རོགས་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་19ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན། རྒྱལ་ཡོངས་མཐའ་དར་དམངས་ཕྱུག་བྱ་སྤྱོད་དང་མི་རིགས་དོན་གཅོད་ཨུ་ལྷན་ཁོངས་གཏོགས་ཀྱི་ཤིན་ཅང་དང་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་ལས་དོན་ཚོགས་འདུ་ཝུའུ་ལུམ་ཆི་རུ་འཚོགས་པ་རེད།
     ཚོགས་འདུར་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་མཚམས་བཅོས་སྐྱོང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་བླངས་ནས། མི་དམངས་ལྟེ་བ་བྱས་ཏེ་འཕེལ་རྒྱས་ཇུས་འགོད་དང་འཕེལ་རྒྱས་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་བྱ་སྤྱོད་གཏིང་ཟབ་པའི་ངང་སྐུལ་འདེད་བྱེད་པ། མི་རིགས་ཕན་ཚུན་འགྲོ་འོང་དང་འབྲེལ་འདྲིས། གཅིག་འདྲེས་བཅས་ལ་སྐུལ་འདེད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་པ། རྒྱལ་ཡོངས་མི་རིགས་དོན་གཅོད་ཨུ་ལྷན་ཁོངས་གཏོགས་ཀྱི་ཤིན་ཅང་དང་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་ལས་དོན་ནི་མི་རིགས་མཐུན་སྒྲིལ་གྱི་དམངས་སེམས་ཀྱི་ལས་གྲྭ་དང་། རིགས་སོ་སོས་མཉམ་ལས་གཏིང་ཟབ་བྱེད་པའི་ཡུན་རིང་གི་ལས་གྲྭ། ཐོན་ཁུངས་ལུགས་མཐུན་བཀོད་སྒྲིག་དང་ལས་ཆོད་ཆེ་བའི་ལས་གྲྭ། བཟང་པོ་ཀུན་འཛོམས་ཀྱི་ལས་གྲྭ་བཅས་སུ་འགྱུར་བར་སྐྲུན་དགོས། 
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཧྲུའུ་ཅི་ཁྲེན་ཆན་གོ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་པཱ་ཐེར་ཚོགས་འདུར་ཞུགས་པ་དང་གཏམ་བཤད་གནང་བ་རེད།
  ཚོགས་འདུའི་སྐབས་སུ། པཱ་ཐེར་གྱིས་ཝུའུ་ལུམ་ཆི་གྲོང་ཁྱེར་དུ་འབྲེལ་ཡོད་ལས་དོན་ལ་རྟོག་ཞིབ་གནང་བ་རེད།