འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་18ཉིན།

༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་
བསྟན་དོན།སྣུམ་རླངས་དང་དེའི་སྒྲིག་ཆས་ལ་གཏོར་སྐྱོན་བཏང་བ་སོགས་ཀྱི་ཉེས་པར་ཁྲིམས་ལྟར་ཆད་པ་
གཅོད་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་18ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་ཉིན་རེའི་ཚགས་པ་ཁང་དུ་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། སྣུམ་རླངས་བརྐུས་པ་དང་སྣུམ་རླངས་ཀྱི་སྒྲིག་ཆས་ལ་གཏོར་སྐྱོན་བཏང་བ་སོགས་ཀྱི་ཉེས་པར་ཁྲིམས་ལྟར་ཆད་པ་བཅད་དེ་སྤྱི་པའི་བདེ་འཇགས་དང་། ནུས་རྒྱུའི་བདེ་འཇགས། སྣོད་བཅུད་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་བྱ་ཆེད། ཉེ་དུས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས《སྣུམ་རླངས་བརྐུས་པ་དང་སྣུམ་རླངས་ཀྱི་སྒྲིག་ཆས་ལ་གཏོར་སྐྱོན་བཏང་བ་སོགས་ཀྱི་ཉེས་དོན་གྱོད་གཞི་ཐག་གཅོད་ལ་འཚམ་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
     《བསམ་འཆར》ནང་མིག་སྔའི་སྣུམ་རླངས་བརྐུས་པ་དང་སྣུམ་རླངས་ཀྱི་སྒྲིག་ཆས་ལ་གཏོར་སྐྱོན་བཏང་བ་སོགས་ཀྱི་ཉེས་དོན་གྱོད་གཞིའི་ཁྱད་ཆོས་དང་ཁྲིམས་འཛིན་ལག་ལེན་ནང་མངོན་པའི་གནད་དོན་ཟུང་འབྲེལ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》 དེ་བཞིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་2007ལོར་མཉམ་དུ་ཁྱབ་བསྒྲགས་བྱས་པའི《སྣུམ་རླངས་བརྐུས་པ་དང་སྣུམ་རླངས་ཀྱི་སྒྲིག་ཆས་ལ་གཏོར་སྐྱོན་བཏང་བ་སོགས་ཀྱི་ཉེས་དོན་གྱོད་གཞི་ཐག་གཅོད་ལ་འཚམ་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་འགྲེལ་བཤད》ཀྱི་གཏན་འབེབས་གཞིར་བཟུང་། འབྲེལ་ཡོད་ཉེས་གསོག་གི་བཅའ་ཁྲིམས་བེད་སྤྱོད་ཀྱི་གནད་དོན་ཁ་གསལ་བཟོས་ཡོད། 《བསམ་འཆར》ནང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོས་པ་གཏན་འཁེལ་དང་། སྣུམ་རླངས་བརྐུས་པའི་གྱོད་གཞི་ལམ་ལྷོངས་མ་བྱུང་བའི་ཉེས་དོན་འགན་འཁྲི། མཉམ་དུ་བྱས་ཉེས་བསགས་པའི་གཏན་འཁེལ། ཕྱི་ནང་ངན་འབྲེལ་གྱིས་སྣུམ་རླངས་བརྐུས་པའི་བྱེད་སྤྱོད་ཐག་གཅོད། བརྐུས་པའི་སྣུམ་རླངས་སྦས་སྐུང་དང་། སྤོ་སྒྱུར། ཉོ་སྒྲུབ། ལས་སྣོན། ཚབ་ཚོང་བཅས་ཀྱི་བྱེད་སྤྱོད་ཐག་གཅོད། ཐད་ཀར་དཔལ་འབྱོར་གྱོང་གུན་གྱི་གཏན་འཁེལ། ཆེད་དོན་རང་བཞིན་གྱི་གནད་དོན་གཏན་འཁེལ་སོགས་ཕྱོགས་བདུན་ཐད་ནས་གཏན་འབེབས་ཁ་གསལ་བྱས་ཡོད།
     《བསམ་འཆར》ནང་སྣུམ་རླངས་བརྐུ་བ་སོགས་ཀྱི་བྱེད་སྤྱོད་ལག་ལེན་བསྟར་རིང་། སྤྱོད་བཞིན་པའི་སྣུམ་རླངས་ཀྱི་སྒྲིག་ཆས་ལ་གཏོར་སྐྱོན་བཏང་སྟེ་གཅོད་པ་དང་། ཨི་ཁུང་འབིགས་པ། གཅོག་པ། བཤིག་པ་བཅས་ཀྱི་བྱེད་ཐབས་སྤྱད་རིགས་ཐད་ཀར“སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བར”གཏན་འཁེལ་བྱ་ཆོག་མོད། འོན་ཀྱང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་མེད་པ་ཕུད། བསད་སྤར་སོགས་བྱེད་ཐབས་སྤྱད་ནས་སྤྱོད་བཞིན་པའི་སྣུམ་རླངས་ཀྱི་སྒྲིག་ཆས་ལ་གཏོར་སྐྱོན་བཏང་སྟེ“མེ་སྐྱོན་དང་འབར་གས་སོགས་ཀྱི་གནོད་འཚེ་བཟོ་སྲིད་པའི”དཔང་རྟགས་ཁུངས་བཙན་ཡོད་ཚེ། གཞི་ནས“སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བར”གཏན་འཁེལ་བྱ་ཆོག སྣུམ་རླངས་བརྐུ་བའི་བྱེད་སྤྱོད་སྤེལ་རིང་། བསམ་པ་ཕུད་པའི་རྒྱུ་མཚན་རྐྱེན་གྱིས་ལམ་ལྷོངས་མ་བྱུང་བ་དང་། སྣུམ་རླངས་འབོར་ཆེན་རྐུ་བ་དམིགས་ཡུལ་དུ་བྱས་པ། སྣུམ་རླངས་ཐུམ་སྒྲིལ་དངོས་པོའམ་ཡང་ན་སྐྱེལ་འདྲེན་ཡོ་ཆས་ནང་བླུགས་ནས“གྲངས་འབོར་ཅུང་ཆེ་བའི”ཚད་གཞིའི་ལྡབ་གསུམ་ཡན་ལོན་རིགས་དང་། སྣུམ་རྐུ་བའི་སྐམ་པ་དང་། ལག་གསོར། གློག་གསོར། ཚ་ལའི་མེ་མདའ་སོགས་ཀྱིས་གཅོད་པ་དང་། ཨི་ཁུང་འབིགས་པ། བཤིག་པ་བཅས་ཀྱི་ཡོ་ཆས་འཁྱེར་རིགས་ལ་བརྐུས་པའི་ཉེས་པའི་ཐོག་ནས(ལམ་ལྷོངས་མ་བྱུང་བ)ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།