འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་18ཉིན།

༄༅།།“དབུལ་སྐྱོར་ཉིན་མོའི”རོགས་སྐྱོར་བྱ་སྤྱོད་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་18ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     2018ལོའི་ཟླ་10ཚེས་16ཉིན། རྒྱལ་སྤྱིའི་དབུལ་སེལ་ཉིན་མོ་ཐེངས་26པ་དང་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་5པའི་སྔ་ནུབ་ཏུ། ཅང་ཤིས་ཀོང་ཁྲང་རྫོང་གིས“ངས་དབུལ་སྒྲོལ་འགག་སྒྲོལ་སྔོན་ལ་བྱེད”པའི་བརྗོད་དོན་གཙོ་བོའི་དབུལ་སྐྱོར་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་དུད་ཚང་དབུལ་པོར་རོགས་སྐྱོར་དང་། བདེ་ཐང་དབུལ་སྐྱོར་གྱི་སྤྱི་ཕན་བྱ་སྤྱོད་སྤེལ་བ། གཞིས་ལུས་སློབ་མ་དབུལ་པོར་དོ་ཁུར་དང་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། སྤྱི་ཚོགས་ལས་རིགས་ཁག་གིས་དབུལ་སྐྱོར་ལས་དོན་ལ་དོ་ཁུར་དང་དབུལ་པོར་རོགས་སྐྱོར་བྱ་རྒྱུར་སྣེ་ཁྲིད་དང་སྐུལ་སློང་བྱས་ནས་སྤྱི་ཚོགས་ཡོངས་སུ་མི་ཚང་མས་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།