འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་18ཉིན།

༄༅།།སྡེ་ཁུལ་དུ་གསོལ་སྟོན་བཤམས་ནས་དགུ་པའི་ཚེས་དགུའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་18ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     2018ལོའི་ཟླ་10ཚེས་16ཉིན། ཅང་སུའུ་ཞིང་ཆེན་ལན་ཡུན་སྒང་གྲོང་ཁྱེར་ཧའེ་ཀྲོའུ་དབན་ཁྲོམ་གཞུང་ཏ་སྒང་སྡེ་ཁུལ་དུ“དགུ་པའི་ཚེས་དགུའི་གསོལ་སྟོན་བཤམས་ཏེ་སྲོལ་བཟང་དུད་ཚང་མང་པོར་ཁྱབ”ཅེས་པའི་བྱེད་སྒོ་སྤེལ་བ་རེད། སྡེ་ཁུལ་གྱི་གྲོང་མི་དང་ཏང་ཡོན་དང་བླངས་པ་སོགས་ཀྱིས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་མ་བྱན་གྱི་ལག་རྩལ་སྤྱད་དེ་སྤྱོད་གཙང་གི་དོན་སྙིང་ལྡན་པའི་ཚལ་སྣ་ཁ་100ལྷག་ཙམ་བཟོས་པ་རེད། གྲོང་མི་མཉམ་འཛོམས་ཀྱིས་བྲོ་ཞིམ་ཟས་མཆོག་ལ་རོལ་བ་དང་གྲོང་པ་ཁྱིམ་མཚེས་དབར་གྱི་བརྩེ་དུང་བརྗོད་དེ་ཤེས་དཔལ་ཞི་མཐུན་དང་། གྲོང་པ་ཁྱིམ་མཚེས་དབར་ཕན་ཚུན་རོགས་རེས། སྲོལ་བཟང་སྤྱོད་གཙང་གི་སྡེ་ཁུལ་གྱི་ཁྱིམ་ཚང་ཆེ་མོ་བཏོད།