འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་18ཉིན།

༄༅།།《རྒྱལ་ཁབ་ཀྱི་ནོར་མཛོད》ཅེས་པ་ཀ་ནའི་བརྙན་འཕྲིན་དུས་ཆེན་ཐོག་བསྟན་པ། 

ཀྲུང་གོའི་མ་རྩོམ་ལ་དོ་ཁུར་ཐོབ་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་18ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧྥ་རན་སེའི་གྲོང་ཁྱེར་ཀ་ན་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་15ཉིན་ཧྥ་རན་སེའི་ཀ་ནའི་སྟོན་དུས་བརྙན་འཕྲིན་དུས་ཆེན་ཧྥ་རན་སེའི་ལྷོ་རྒྱུད་མཚོ་འགྲམ་གྲོང་ཁྱེར་ཀ་ནར་འགོ་ཚུགས་པ་དང་དེ་ཉིན་གཉེར་བའི་རིག་གནས་སྟོན་ཚོགས་ཀྱི་འཚོལ་ཞིབ་ལེ་ཚན་ཆེ་གྲས《རྒྱལ་ཁབ་ཀྱི་ནོར་མཛོད》ཅེས་པའི་འགྲེམས་སྟོན་མཉམ་སྤྱོད་ཚོགས་འདུའི་ཐོག་ཀྲུང་གོའི་མ་རྩོམ་ལེ་ཚན་དང་དེ་བཞིན་སྣ་མང་ཅན་གྱི་རྒྱལ་སྤྱིའི་མཉམ་ལས་བྱེད་སྟངས་ལ་ལས་རིགས་དེའི་ཁོངས་གཏོགས་ཀྱི་མི་སྣའི་དོ་ཁུར་ཆེན་པོ་ཐོབ་པ་རེད།
     《རྒྱལ་ཁབ་ཀྱི་ནོར་མཛོད》ཅེས་པའི་འགྲེམས་སྟོན་མཉམ་སྤྱོད་ཚོགས་འདུ་ནི་ཀྲུང་གོ་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་ཡིན་པ་དང་ཀྲུང་གོའི་རྒྱལ་སྤྱིའི་བརྙན་འཕྲིན་སྤྱི་ཁྱབ་ཀུང་སི་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་སྒྱུ་རྩལ་འཕྲིན་ལམ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དངོས་མཚོན་རྒྱལ་སྤྱིའི་མཚམས་སྦྱོར་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་རེད།
     དེ་ཉིན་གྱི་འགྲེམས་སྟོན་མཉམ་སྤྱོད་ཚོགས་འདུས《རྒྱལ་ཁབ་ཀྱི་ནོར་མཛོད》ཅེས་པའི་མ་རྩོམ“དངོས་མཚོན་རྣམ་པའི་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན”དང་། 《རྒྱལ་ཁབ་ཀྱི་ནོར་མཛོད》ཅེས་པའི་རྒྱལ་སྤྱིའི་པར་གཞིའི་དཔེ་དབྱིབས། 《ཀྲུང་གོའི་ནོར་མཛོད》ཅེས་པའི་དངོས་མཚོན་གློག་བརྙན་བཅས་བརྗོད་དོན་གཙོ་བོ་གསུམ་ལ་དམིགས་ནས་ལེ་ཚན་བཟོ་མཁན་དང་དེ་བཞིན་མཉམ་ལས་བྱེད་མཁན་གྱི་འཐུས་མི་གདན་དྲངས་ཏེ་གྲོས་བསྡུར་བྱས་པ་རེད།
     ཨེན་ཏེ་མོ་ཧྲེང་ཚོགས་པ་རྒྱལ་སྤྱིའི་འཕེལ་རྒྱས་སྡེ་ཚན་གྱི་བསམ་བཀོད་སྤྱི་ཁྱབ་ལྟ་སྐུལ་པ་ཝེ་ལེན ·པུའུ་ལུའོ་མུའུ་ཡིས《རྒྱལ་ཁབ་ཀྱི་ནོར་མཛོད》ཅེས་པའི་རྒྱལ་སྤྱིའི་པར་གཞི་དེས་དམིགས་ཚད་དང་ལྟད་མོ་བར་གཞིགས་ནས་ལེགས་སྒྲིག་བྱས་ཏེ་དེའི་མཛེས་དཔྱད་དང་བསམ་ཕྱོགས་དང་དེ་བས་མཐུན་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     དབྱིན་ཇིའི་རླུང་འཕྲིན་ཀུང་སིའི་འཛམ་གླིང་གསར་འགྱུར་འཕྲིན་ལམ་གྱི་ནང་དོན་རྩོམ་སྒྲིག་པ་ཨེ་མ·ཏེ་སིས《རྒྱལ་ཁབ་ཀྱི་ནོར་མཛོད》ཅེས་པའི་ལེ་ཚན་ལས་བྱུང་བའི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་ཐོན་ཁུངས་སྤྱད་དེ་ཀྲུང་གོ་ཕྱོགས་དང་མཉམ་ལས་ངང་དངོས་མཚོན་གློག་བརྙན་པར་ལེན་བྱ་རྒྱུ་དེས་འཛམ་གླིང་རྒྱལ་ཁབ་ཁག་གི་ལྟད་མོ་བས་ཀྲུང་གོའི་རིག་གནས་དེ་བས་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
     ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཁྲུའུ་ཡི་གཞུང་ཚབ་ཚན་ཙན་ལི་ཧྲའོ་ཕིང་གིས་ལེ་ཚན་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུའི་ཐོག《རྒྱལ་ཁབ་ཀྱི་ནོར་མཛོད》ཅེས་པ་དེས་ཀྲུང་གོ་བའི་དུས་རབས་ཀྱི་མཛེས་རིག་དོན་གཉེར་བྱེད་ལུགས་བདེན་དཔང་བྱས་པ་དང་ཀྲུང་གོ་བའི་རིག་གནས་རྒྱུན་འཛིན་གྱི་ཕུགས་བསམ་མཚོན་པས་དེ་ནི་བརྙན་འཕྲིན་གྱི་བསམ་བཀོད་དེ་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་ལ་ཕྱོགས་པ་ཞིག་རེད་ཅེས་བརྗོད།