འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་18ཉིན།

༄༅།།ཀྲུང་ཁྲའོ་མཛའ་གྲོགས་རོལ་དབྱངས་འདུ་ཚོགས་ཕོང་དབྱང་དུ་གཉེར་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་18ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕོང་དབྱང་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་དགོང་མོ་ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ནས་རོལ་དབྱངས་ཀྱི་སྒྲ་དང་སྙན་འཇེབས་ལྡན་པའི་གླུ་སྒྲ་གྲགས་པ་དེ་ནི་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་མཉམ་སྒྲོག་རོལ་ཚོགས་དང་ཧྲེན་ཀྲེན་གླུ་གར་ཁང་གིས་ཁྲའོ་ཞན་དུ་འཚམས་འདྲི་བྱས་ནས་གཉེར་བའི“ཀྲུང་ཁྲའོ་མཛའ་གྲོགས་ཀྱི་རོལ་དབྱངས་འདུ་ཚོགས”ཐོག་མ་དེ་ཡིན་པ་རེད། ཀྲུང་གོ་ནས་ཡོང་བའི་སྒྱུ་རྩལ་མཁས་ཅན་ཚོས་ལྟད་མོ་བ་ཚོར་སྣ་མང་ཕུན་སུམ་ཚོགས་པའི་རྣ་བའི་ལོངས་སྤྱོད་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པའི་ནང་ཀྲུང་གོའི་དམངས་གཞས《བ་སྤུ་མེ་ཏོག》དང《ཤིན་ཅང་གི་དཔྱིད་ཀ》ཞེས་པ་ཡོད་ལ་ཁྲའོ་ཞན་གྱི་གླུ་གཞས《བསམ་འདུན་དྲག་པོ》དང《ལེ་དབར་ཁྲི་སྟོང་གིས་ཆོད་རུང》ཞེས་པ་དང་ད་དུང་མོ་ཀྲ་ཐེ་དང་ཁྲའེ་ཁོ་ཕུའུ་སི་ཅི་སོགས་ཀྱིས་གསར་རྩོམ་བྱས་པའི་འཛམ་གླིང་གི་གྲགས་ཅན་གླུ་གཞས་ཀྱང་ཡོད་པ་རེད། གླུ་གཞས་མཐའ་མ་སྟེ《ཁྲའོ་ཀྲུང་མཛའ་གྲོགས་ནམ་ཡང་གནས་པར་བྱེད》ཅེས་པ་ལས་རོལ་དབྱངས་འདུ་ཚོགས་ཀྱི་མཐོ་རླབས་འཕྱུར་བར་བྱས་པས་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
     ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ་རྒྱལ་སྤྱི་པུའི་པུའུ་ཀྲང་ལི་ཀྲུའུ་གཡུང་དང་དེ་བཞིན་རྒྱལ་སྤྱི་པུའི་པུའུ་ཀྲང་གཞོན་པ་ལི་ཁྲང་ཀེན་དང་ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅིན་ཅུན། གཞུང་ཚབ་ཆེ་མོ་ཁང་གི་ཕྱི་འབྲེལ་མི་སྣ་སོགས་ཀྱིས་འཁྲབ་སྟོན་ལ་བལྟས་པ་རེད། ལི་ཀྲུའུ་གཡུང་གིས་འཁྲབ་སྟོན་བལྟས་རྗེས་ཤིས་ཚིག་བརྗོད་དེ་ནང་དོན་ཕུན་སུམ་ཚོགས་པ་དང་སྒྱུ་རྩལ་གྱི་ཆུ་ཚད་ཧ་ཅང་མཐོ་བའི་འཁྲབ་སྟོན་ལས་སེམས་འགུལ་ཚད་མེད་ཐེབས་བྱུང་། འདི་ལོ་མུ་མཐུད་མི་སེམས་ལ་སྐུལ་མ་ཐེབས་པའི་དོན་ཆེན་མི་ཉུང་བ་ཞིག་ཐོན་པ་དེ་དག་མིང་དོན་མཚུངས་པའི་ཁྲའོ་ཀྲུང་མཛའ་གྲོགས་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་བཏོད་པའི་ལོ་གཅིག་ལ་འགྱུར་རྒྱུ་རེད་ཅེས་བཤད་པ་རེད།