འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་18ཉིན།

༄༅།།སླར་ཡང་རྫོང་དབུལ་པོ་85དབུལ་སྒྲོལ་ཐུབ་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་18ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། དབུལ་སྒྲོལ་འགག་སྒྲོལ་ཐད་སླར་ཡང་རྒྱལ་ཁའི་གཏམ་བཟང་གྲགས། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། རྫོང་རིམ་པས་བཏོན་པ་དང་། གྲོང་ཁྱེར་རིམ་པས་ཐོག་མའི་ཞིབ་བཤེར་བྱས་པ། ཞིང་ཆེན་རིམ་པས་དཔྱད་བསྡུར་དང་ཡོངས་བསྒྲགས་བྱས་པ་བཅས་ཀྱི་གོ་རིམ་དང་ཕྱོགས་གསུམ་པའི་དཔྱད་དཔོག་སྒྲིག་གཞིའི་ཆེད་དོན་དཔྱད་དཔོག་ཞིབ་བཤེར་བརྒྱུད། 2017ལོའི་ཁག་གཉིས་པའི་དབུལ་སྒྲོལ་རེ་ཞུའི་རྫོང་དབུལ་པོ་85དབུལ་སྒྲོལ་ཆ་རྐྱེན་ལོན་ཞིང་། ཧོ་པེ་ཞིང་ཆེན་ཕིང་ཧྲན་རྫོང་དང་། ཀུའེ་ཀྲོའུ་ཞིང་ཆེན་ཐུང་ཙི་རྫོང་། བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་། ཀན་སུའུ་ཞིང་ཆེན་ལེང་ཏང་རྫོང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་9ཡི་རྫོང་དབུལ་པོ་85དབུལ་སྒྲོལ་ཐུབ་ཡོད་པ་རེད། 2017ལོར་དབུལ་སྒྲོལ་རེ་ཞུ་བྱས་པའི་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་20ཡི་རྫོང་དབུལ་པོ་125ཚང་མ་དབུལ་སྒྲོལ་ཐུབ་ཡོད་པ་རེད།
         ཁག་གཉིས་པར་དབུལ་སྒྲོལ་ཐུབ་པའི་རྫོང་85ཡི་མིང་ཐོ་གཤམ་གསལ།
         ཧོ་པེ་ཞིང་ཆེན། (རྫོང་11) ཕིང་ཧྲན་རྫོང་དང་། ཆིང་ལུང་མན་ཇུ་རིགས་རང་སྐྱོང་རྫོང་། ཝེ་རྫོང་། ཕིང་ཤང་རྫོང་། ཝུའེ་རྫོང་། དབྱི་རྫོང་། ཕིང་ཆོན་རྫོང་། ཡན་ཧྲན་རྫོང་། ཝུའུ་དབྱི་རྫོང་། རའོ་དབྱང་རྫོང་། ཧྥུའུ་ཁྲེང་རྫོང་།
        ཀུའེ་ཀྲོའུ་ཞིང་ཆེན། (རྫོང་14) ཐུང་ཙི་རྫོང་དང་། ཧྥུང་ཀང་རྫོང་། མེ་ཐན་རྫོང་། ཤིས་ཧྲུའེ་རྫོང་། ཤིས་ཤིའུ་ཆུས། ཕིང་པཱ་ཆུས། ཆན་ཤིས་རྫོང་། པི་ཅང་ཆུས། དབན་ཧྲན་ཆུས། ཅང་ཁོའུ་རྫོང་། ཡུས་ཕིང་ཏུང་རིགས་རང་སྐྱོང་རྫོང་། ཤིང་རེན་རྫོང་། ཝུང་ཨན་རྫོང་། ལུང་ལི་རྫོང་།
          ཡུན་ནན་ཞིང་ཆེན། (རྫོང་15) ཤུན་ཏེན་ཧུད་རིགས་དང་དབྱིས་རིགས་རང་སྐྱོང་རྫོང་དང་། ལུའོ་ཕིང་རྫོང་། ཡུས་ལུང་འཇང་རིགས་རང་སྐྱོང་རྫོང་། ཉིང་ཨར་ཧ་ཉི་རིགས་དང་དབྱིས་རིགས་རང་སྐྱོང་རྫོང་། ཡུན་རྫོང་། མོའུ་ཏིང་རྫོང་། ཡའོ་ཨན་རྫོང་། ཧྲི་ཕིང་རྫོང་། མོང་ཧའེ་རྫོང་། ཞང་ཡུན་རྫོང་། པིན་ཁྲོན་རྫོང་། ཝེ་ཧྲན་དབྱིས་རིགས་དང་ཧུད་རིགས་རང་སྐྱོང་རྫོང་། ཨར་ཡོན་རྫོང་། ཧོ་ཆིང་རྫོང་། མང་གྲོང་ཁྱེར།
         བོད་རང་སྐྱོང་ལྗོངས། (རྫོང་25) ལྷུན་གྲུབ་རྫོང་དང་། འདམ་གཞུང་རྫོང་། སྙེ་མོ་རྫོང་། ཆུ་ཤུར་རྫོང་། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་རྫོང་། མལ་གྲོ་གུང་དཀར་རྫོང་། རི་བོ་ཆེ་རྫོང་། སྟེང་ཆེན་རྫོང་། ཟངས་རི་རྫོང་། འཕྱོངས་རྒྱས་རྫོང་། ཆུ་གསུམ་རྫོང་། ལྷོ་བྲག་རྫོང་། རྒྱ་ཚ་རྫོང་། མཚོ་སྣ་རྫོང་། པ་སྣམ་རྫོང་། ཁང་དམར་རྫོང་། གཏིང་སྐྱེས་རྫོང་། སྐྱིད་གྲོང་རྫོང་། གཉའ་ནང་རྫོང་། འབྲི་རུ་རྫོང་། སྒར་རྫོང་། ཀོང་པོ་རྒྱ་མདའ་རྫོང་། སྨན་གླིང་རྫོང་། སྤོ་བོ་རྫོང་།
         ཧྲའན་ཤིས་ཞིང་ཆེན། (རྫོང་4) ཡན་ཁྲང་རྫོང་དང་། ཧྥོ་ཕིང་རྫོང་། ཧེང་ཧྲན་ཆུས། ཏིང་པན་རྫོང་།
         ཀན་སུའུ་ཞིང་ཆེན། (རྫོང་6) ཀའོ་ལན་རྫོང་། ཁུང་ཐུང་ཆུས། ཀྲེང་ཉིང་རྫོང་། ལེང་ཏང་རྫོང་། ཀ་ཆུ་རྫོང་། གཙོས་གྲོང་ཁྱེར།
        མཚོ་སྔོན་ཞིང་ཆེན། (རྫོང་7) གཞོང་ཐང་ཆུས་དང་། ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་། རྐང་ཚ་རྫོང་། གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། ཝུའུ་ལམ་རྫོང་། ཐེམ་ཆེན་རྫོང་།
        ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས། (རྫོང་1) ཡན་ཁྲེ་རྫོང་།
        ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། (རྫོང་2) ཉི་ལེ་ཁེ་རྫོང་དང་ཅི་མུའུ་ནའེ་རྫོང་།