འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་18ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི་ཐོག་ཀྲུང་གོ་ཉིད་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱིས་ཐད་
ཀར་མ་འཇོག་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་ཅེས་བསྟན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་18ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཚེས་15ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་དུ་ཀྲུང་གོར་མ་འཇོག་བྱས་པའི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་6%འཕར་བ་དང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་700ལྷག་ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱིས་ཐད་ཀར་མ་འཇོག་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་པ་རེད།