འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་18ཉིན།

༄༅།།ཀྲུང་ཧང་གི་མི་ཆོས་སྤེལ་རེས་ཀྱི་བརྗོད་དོན་གཙོ་བོའི་གླེང་སྟེགས་པུ་ཏ་ཕེ་སི་རུ་གཉེར་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་18ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཡོ་རོབ་དང་མེ་གླིང་བྱང་མའི་སློབ་གྲོགས་ཚོགས་པས(ཀྲུང་གོའི་ཕྱི་སྦྱོང་སློབ་མའི་མཐུན་འབྲེལ་ཚོགས་འདུ)ཚེས་15ཉིན་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སི་རུ་ཀྲུང་ཧང་གི་མི་ཆོས་སྤེལ་རེས་ཀྱི་བརྗོད་དོན་གཙོ་བོའི་གླེང་སྟེགས་གཉེར་བ་དང་བརྗོད་དོན་གཙོ་བོ་ནི“རིག་གནས་སྒྱུ་རྩལ་འབྲེལ་ཐག་ཏུ་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རེད། ཀྲུང་ཧང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། སྨྱན་སྦྱོར་མི་སྣ། ཕྱི་སྦྱོང་སློབ་མ་བཅས་བརྒྱ་ཙམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཡོ་རོབ་དང་མེ་གླིང་བྱང་མའི་སློབ་གྲོགས་ཚོགས་པའི་ཚོགས་གཙོ་ཁྲེང་ཀྲུའུ་ཡིས་གླེང་སྟེགས་ཐོག་ཤེས་ཚིག་བརྗོད་སྐབས་ཀྲུང་ཧྭ་ཡི་རིག་གནས་མཉམ་སྡུད་མཉམ་གསོག་དང་ཧང་ག་རིའི་རིག་གནས་ཀྱི་ཆུ་བོ་ཐམས་ཅད་རྒྱ་མཚོར་འབབ་པ་ལྟར་ཡོད། ཀྲུང་ཧང་གི་ཤེས་དཔལ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་ཆོག་པ་དེས་མིའི་རིགས་ལ་སྣ་མང་ཕུན་སུམ་ཚོགས་པའི་འཛམ་གླིང་དབང་བ་དང་ཤེས་དཔལ་མི་འདྲ་བ་སྣ་མང་ཅན་གྱི་འཛམ་གླིང་ཁྲོད་ཞི་མཐུན་མཉམ་གནས་ཐུབ་པས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཚོས་ནང་དོན་དེ་བས་གཏིང་ཟབ་ལྡན་པའི་བསམ་པའི་འཚོ་བ་ཉམས་སུ་མྱོང་བ་དང་དེ་བས་གདམ་ག་བྱེད་ཆོག་པའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་དེ་མིའི་རིགས་ལ་ཤེས་རིག་ལྡན་པ་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕྲད་པའི་འགྲན་སློང་ཁག་ལ་ཁ་གཏད་གཅོག་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད་ཡོང་བ་བྱེད་དགོས་ཞེས་བརྗོད་པ་རེད།
     ཧང་ག་རིའི་ལུའོ་ལན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་རྒྱ་རིག་པ་མཁས་ཅན་དབྱི་མུའུ་ལེ·ཧའོ་མའོ་ཨར(རྒྱ་སྐད་ཀྱི་མིང་ལ་ཧོ་ཆིང་ཤིན་ཞེས་བརྗོད་པ)གྱིས་ཧང་ག་རིར་མི་ཆོས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཀྲུང་གོ་དང་མི་ཆོས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་བྱེད་པར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ལུའོ་ལན་སློབ་ཆེན་གྱིས་ཀྲུང་གོའི་ཕྱི་སྦྱོང་སློབ་མ་དེ་བས་མང་བ་དེ་གར་སློབ་སྦྱོང་དང་སྤེལ་རེས་བྱེད་པར་ཡོང་སྟེ་རྒྱལ་ཁབ་གཉིས་པོའི་མི་ཆོས་སྤེལ་རེས་མཉམ་ལས་ལ་རོགས་རམ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”ཐད་ཀྱི་མཉམ་ལས་དང་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།