འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།2018ལོའི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་དང་པོས"བོད་ལྗོངས་ཀྱི་མྱུར་ཚད"མངོན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།2018ལོའི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་དང་པོས'བོད་ལྗོངས་ཀྱི་མྱུར་ཚད'མངོན་པ།
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་དང་པོ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འགྲན་ཞུགས་མི་སྣ་300ལྷག་ཙམ་གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ཉིང་ཁྲིར་འཛོམས་ནས་མཉམ་དུ་ལུས་རྩལ་གྱི་སྟོན་མོ་གཟབ་རྒྱས་དེའི་ནང་ཞུགས་པ་རེད།
         ད་ཐེངས་ཀྱི་འགྲན་བསྡུར་གྱིས་རྒྱལ་ལམ་318(ཉིང་ཁྲི་ནས་ལྷ་ས་བར་གྱི་ལམ་དུམ)སྤྱིའི་ལམ་ཐིག་བྱས་ཤིང་། འགོ་འཛུགས་ས་དེ་ཉིང་ཁྲིའི་ཚོགས་འགྲེམས་ལྟེ་གནས་བཙུགས་པ་དང། མཇུག་རྫོགས་ས་དེ་ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཡིན། འགྲན་བསྡུར་ཀྱི་ལམ་ཐིག་རིང་བ་དང་།  ས་བབ་མཐོ་བ། ལམ་ཐིག་རྙོག་འཛིང་ཆེ་བ་བཅས་ཡོད། དེའི་ཁྲོད་ནས་ཚེས་16ཉིན་འགོ་འཛུགས་པའི་འགྲན་བསྡུར་གྱི་“ཉིང་ཁྲི་གྲོང་ཁྱེར་ནས་ཀོང་པོ་རྒྱ་མདའ་རྫོང”སྤྱི་ལེ་128ཡི་དུས་བཀག་མྱུར་ཚད་འགྲན་བསྡུར་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། ཀོང་ཏུང་ནས་ཡིན་པའི་འགྲན་ཞུགས་པ་མཱ་ཙེ་ཆོན་གྱིས་དུས་ཚོད་ཆུ་ཚོད་3དང་སྐར་མ་8དང་སྐར་ཆ་56ནང་ཆུ་ཚོད་རེར་མྱུར་ཚད་40.65km/hཡི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་སྐྱེས་པའི་གཞུང་ལམ་རྐང་འཁོར་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད།
        བོད་ལྗོངས་ནི་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཡིན་ཞིང་། ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་བགྲོད་ལམ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས“འཛམ་གླིང་གི་ཡང་རྩེ”དང་ཧི་མ་ལ་ཡ་ཁུལ་གྱི་དམིགས་བསལ་གྱི་རི་ཁུལ་ཁང་ཕྱིའི་ལུས་རྩལ་གྱི་དགེ་མཚན་ལྡན་པའི་ཐོན་ཁུངས་བེད་སྤྱོད་ལེགས་པར་བྱས་ནས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་འགྲན་བསྡུར་ལས་སྟེགས་ཧུར་ཐག་སྐྲུན་རྒྱུར་ལག་གདང་སྦྲེལ་ནས། ཐུན་མོང་ཐོག“ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར”ཞེས་པའི་སྤུས་རྟགས་འགྲན་བསྡུར་སྐྱེད་སྲིང་བྱས་པ་དང་། བོད་ལྗོངས་ཀྱི་ལུས་རྩལ་དང་ཡུལ་སྐོར་རིག་གནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བ་བྱས་ཡོད།
         2018ལོའི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་དང་པོ་ནི་ཚད་གཞི་མཐོ་ལ་དཀའ་ཚེགས་ཆེ་བས། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་བདེ་འཇགས་དང་། གསར་གཏོད། ལྗང་མདོག ཁྱད་ལྡན་བཅས་ཀྱི་འགྲན་བསྡུར་གཉེར་བའི་འདུ་ཤེས་ཀྱི་དགོངས་དོན་གཞིར་བཟུང་ཞབས་ཞུ་དང་འགན་སྲུང་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད།
༄༅།།2018ལོའི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་དང་པོས'བོད་ལྗོངས་ཀྱི་མྱུར་ཚད'མངོན་པ།
༄༅།།2018ལོའི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་དང་པོས'བོད་ལྗོངས་ཀྱི་མྱུར་ཚད'མངོན་པ།