༄༅།།ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གིས་ཧྭ་ཧྥོ་སློབ་ཆེན་གྱིས་ཨེ་ཤེ་ཡའི་མི་རྒྱུད་ཀྱི་སློབ་མ་བསྡུ་བར་མཐོང་ཆུང་བྱས་པའི་གྱོད་
གཞིར་ཞིབ་གཅོད་བྱས་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 10ཚེས་17ཉིན། 13:21】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན། ཧྭ་ཧྥོ་སློབ་ཆེན་གྱིས་ལོ་མང་རིང་སློབ་མ་བསྡུ་བའི་གོ་རིམ་ཁྲོད་ཨེ་ཤེ་ཡའི་མི་རྒྱུད་ཀྱི་སློབ་མར་བསམ་ངན་ཁོག་བཅུག་གིས་མཐོང་ཆུང་བྱས་པ་ཞུ་གཏུགས་བྱས་པ་དང་། པོ་ཧྲིན་ཏུན་དུ་གནས་པའི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ས་ཁུལ་ཁྲིམས་ཁང་དུ་གྱོད་དོན་འདིར་ཞིབ་གཅོད་བྱས་པས། ཨ་རི་ཡོངས་ཀྱི་དོ་ཁུར་ཆེན་པོ་བྱས་ཡོད།