འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།རྒྱལ་སྤྱིའི་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིས་2022ལོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་འཛམ་
གླིང་ལེགས་སྐྱེས་འགྲན་བསྡུར་ས་གནས་མང་པོ་ཞིག་གིས་གཉེར་རྒྱུའི་འདོད་འདུན་བཏོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     2018ལོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་དེ་ལེགས་གྲས་དྲུག་གི་འགྲན་བསྡུར་དུས་མཚམས་སུ་སླེབས་ཡོད། འོན་ཀྱང་སྐབས་རྗེས་མའི་འགྲན་བསྡུར་གཉེར་ཡུལ་ད་དུང་གཏན་འཁེལ་བྱུང་མེད། ཉིན་ཤས་གོང་རྒྱལ་སྤྱིའི་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལི·ཀེ་ལ་ས་ཡིས་རྒྱལ་སྤྱིའི་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་སྤུས་རྟགས་གཏེར་ཆུ་པའེ་སུའེ་ཧྲན་དབར་གྱི་གན་འཇོག་མཛད་སྒོའི་ཐོག་ས་གནས་མང་པོ་ཞིག་གིས་2022ལོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གཉེར་རྒྱུའི་འདོད་འདུན་བཏོན་ཡོད།