འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།ཕྱི་འབྲེལ་པུས་བསྟན་དོན་ཀྲུང་གོའི་སྣོད་བཅུད་ཉམས་གསོའི་ཁེ་ལས་ཀྱིས་ནི་ཀྲེ་རི་ཡའི་ལྗང་མདོག་འཕེལ་རྒྱས་ལ་
རོགས་སྐྱོར་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནི་ཀྲེ་རི་ཡའི་གྲོང་ཁྱེར་ཨོའུ་ཝེ་ལི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོའི་དབྱིས་ལི་ཐོན་ཁུངས་ཚོགས་པས་ནི་ཀྲེ་རི་ཡའི་དབྱི་མོ་ཀྲོའུ་སྲིད་གཞུང་དང་གྲོས་མཐུན་བཞག་ནས་ཕྱོགས་གཉིས་པོས་བྱེ་ཐང་བྱེ་བཅོས་སྐྱོང་དང་། སྣོད་བཅུད་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུ་ཡིན་པ་རེད།
     དེ་ཉིན། དབྱི་མོ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་ཨོའུ་ཝེ་ལིར་གཉེར་བའི་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་དབྱིས་ལི་ཐོན་ཁུངས་ཚོགས་པའི་ཏུང་ཧྲི་ཀྲང་ཝང་ཝུན་པེའོ་ཡིས་དབྱིས་ལི་ཐོན་ཁུངས་ཚོགས་པས་ནི་ཀྲེ་རི་ཡར“ཐང་རྒོད་ཅན་བཅོས་སྐྱོང་དང་། སྣོད་བཅུད་ཡུལ་སྐོར། ནུས་རྒྱུ་གཙང་མ”བཅས་ཕྱོགས་གསུམ་གཞི་གཅིག་གི་དཔེ་སྟོན་རྟེན་གཞི་བཏོད་དེ་ཀྲུང་གོའི“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་ཨ་ཧྥེ་རི་ཁ་ནུབ་མར་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཁོང་གིས་ནི་ཀྲེ་རི་ཡ་དང་མཉམ་ལས་བྱས་པ་བརྒྱུད། དབྱིས་ལི་ཐོན་ཁུངས་ཚོགས་པས་ཁུ་པོ་ཆིའི་བྱ་ཐབས་ཨ་ཧྥེ་རི་ཁ་ནུབ་མ་ཙམ་མ་ཟད། ཐ་ན་ཨ་ཧྥེ་རི་ཁའི་ས་ཁུལ་ཧྲིལ་པོར་དོན་འཁྱོལ་ཐུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཐང་རྒོད་ཅན་འགོག་བཅོས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བྱེ་བཅོས་དང་དབུལ་ཕོངས་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
     དབྱི་མོ་ཀྲོའུ་ཡི་ཀྲོའུ་ཀྲང་ལུའོ་ཁྲ་སི·ཨོའུ་ཁའོ་ལུའོ་ཁྲས་ཀྲོའུ་འདིར་ཕུན་སུམ་ཚོགས་པའི་རང་བྱུང་སོལ་རླངས་ཀྱི་ཐོན་ཁུངས་ཡོད་པས། འབྱུང་འགྱུར་ཕྱོགས་གཉིས་པོའི་མཉམ་ལས་ཁྲོད་དབྱིས་ལི་ཐོན་ཁུངས་ཚོགས་པས་སྣོད་བཅུད་བཅོས་སྒྲིག་དང་ནུས་རྒྱུ་གཙང་མའི་ཐད་ཀྱི་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་དེ་གའི་ཐོན་ཁུངས་དེ་རྒྱུ་ནོར་དུ་འགྱུར་རྒྱུའི་གནད་དོན་ཐག་གཅོད་བྱ་རྒྱུར་རོགས་རམ་ཏན་ཏིག་བྱ་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་11ཉིན། དབྱིས་ལི་ཐོན་ཁུངས་ཚོགས་པས་མོ་ན་ཁོའི་གྲོང་ཁྱེར་ཝུའུ་ཅི་ཏ་དང་མོ་ན་ཁོའི་ཤར་རྒྱུད་ཁུལ་ཆེན་གྱི་སྲིད་གཞུང་དང་གྲོས་མཐུན་བཞག་ནས་ཕྱོགས་གཉིས་པོས་ས་ཁུལ་དེ་གར་དབྱིས་ལི་ཐོན་ཁུངས་ཚོགས་པའི་ཁུ་པོ་ཆིའི་སྣོད་བཅུད་བྱེ་བཅོས་བྱ་ཐབས་ཁྱབ་གདལ་གཏོང་རྒྱུའི་ཐད་མཉམ་ལས་འདོད་འདུན་བྱུང་བ་རེད།