འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ནི་ཕ་ཁི་སི་ཐན་གྱི་ནོར་སྲིད་ལ་དཀའ་ངལ་བཟོ་བའི་རྒྱུ་རྐྱེན་མིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་འབྲེལ་ཡོད་དྲི་བར་ལན་སློག་སྐབས། ཕ་ཁི་སི་ཐན་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་བུ་ལོན་གྱི་གྲུབ་ཆ་ནས་བལྟས་ན། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་གྱི་བུ་ལོན་གྱིས་ཕ་ཁི་སི་ཐན་གྱི་བུ་ལོན་གྱི་གྲུབ་ཆའི་ཁྲོད་བསྡུར་ཚད་ཆུང་ངུ་ཞིག་ལས་བཟུང་མེད་པས་ཕ་ཁི་སི་ཐན་གྱི་ནོར་སྲིད་ལ་དཀའ་ངལ་བཟོ་བའི་རྒྱུ་རྐྱེན་མིན་ཞེས་བརྗོད་པ་རེད།
     དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས་དྲི་བ་བཏོན་དོན། གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། ཕ་ཁི་སི་ཐན་གྱིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ལ་ཛ་དྲག་གི་དངུལ་བུན་རེ་ཞུ་བྱས་ནས་ཕ་ཁི་སི་ཐན་གྱི་མིག་སྔའི་དཔལ་འབྱོར་དཀའ་ངལ་ལ་རོགས་རམ་བྱ་རྒྱུའི་རེ་བ་དངོས་སུ་བཏོན་པ་རེད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ལས་དོན་ཚོགས་ཆུང་ཕ་ཁི་སི་ཐན་དུ་བཏང་ནས་ཕ་ཁི་སི་ཐན་ཕྱོགས་དང་གྲོས་མོལ་བྱེད་བཞིན་ཡོད། སྨྱན་སྦྱོར་ཁག་གཅིག་གིས། ཕ་ཁི་སི་ཐན་གྱིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ལ་རོགས་སྐྱོར་གྱི་རེ་ཞུ་བྱེད་པ་དེ་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་བུ་ལོན་དང་འབྲེལ་བ་ཡོད་པ་དང་བར་ཁྱམས་ལ“བུ་ལོན་གྱི་གཡོ་ཇུས”ལྡན་པའི་ངོས་འཛིན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
     ལུའུ་ཁང་གིས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ནི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་ཐོག་བསྐྲུན་པའི་རྣམ་གྲངས་ཤིག་ཡིན་པས་འབྲེལ་ཡོད་རྣམ་གྲངས་འདེམས་པ་དང་མ་རྩ་མཉམ་འདྲེས་ཀྱི་བཀོད་སྒྲིག་བཅས་ཚང་མ་ཕྱོགས་གཉིས་པོས་འདྲ་མཉམ་ངང་གྲོས་མོལ་བྱས་ནས་ཐག་བཅད་པ་ཞིག་རེད། ཕ་ཁི་སི་ཐན་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་བུ་ལོན་གྱི་གྲུབ་ཆ་ནས་བལྟས་ན། བར་ཁྱམས་ཀྱི་བུ་ལོན་གྱིས་ཕ་ཁི་སི་ཐན་གྱི་བུ་ལོན་གྱི་གྲུབ་ཆའི་ཁྲོད་བསྡུར་ཚད་ཆུང་ངུ་ཞིག་ལས་བཟུང་མེད་པས་ཕ་ཁི་སི་ཐན་གྱི་ནོར་སྲིད་ལ་དཀའ་ངལ་བཟོ་བའི་རྒྱུ་རྐྱེན་མིན་ཞེས་བརྗོད་པ་རེད།
     ལུའུ་ཁང་གིས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་བར་ཁྱམས་འཛུགས་སྐྲུན་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཕ་ཁི་སི་ཐན་གྱི་རང་བརྟེན་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་འདོད་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཁོངས་མི་ཡིན་པའི་ངོས་ནས། ཀྲུང་གོ་ཕྱོགས་ཀྱིས་རྩ་འཛུགས་དེས་ཆེད་ལས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཕ་ཁི་སི་ཐན་ལ་དངོས་ཡོད་ཀྱི་གདེང་འཇོག་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཕ་ཁི་སི་ཐན་གྱིས་མིག་སྔའི་དཀལ་ངལ་ལ་ཁ་གཏད་འོས་འཚམ་གཅོག་རྒྱུར་རོགས་རམ་བྱ་རྒྱུ་ཡིན། འབྲེལ་ཡོད་བྱེད་ཐབས་ཀྱིས་ཀྲུང་ཕའི་རྒྱུན་གཏན་གྱི་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་རྐྱེན་ཐེབས་མི་རུང་བ་ཞིག་རེད་ཅེས་བརྗོད་པ་རེད།