འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།ས་མཐོའི་སྨན་བཅོས་སྲོག་སྐྱོབ་རླངས་འཁོར་ཧང་ཀྲོའུ་རུ་བསྟན་པ་དང་འཇིག་རྟེན་འཕུར་སྐྱོད་ལག་རྩལ་མང་པོ་
སྤྱད་ཡོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་10ཚེས་15ཉིན་འཇིག་རྟེན་འཕུར་སྐྱོད་ལག་རྩལ་མང་པོ་སྤྱད་པའི་ས་མཐོའི་སྨན་བཅོས་སྲོག་སྐྱོབ་རླངས་འཁོར་ཧང་ཀྲོའུ་རུ་གཉེར་བའི་ཀྲུང་གོའི་རྒྱལ་སྤྱིའི་བདེ་འཇགས་ཐོན་སྐྱེད་དང་ལས་རིགས་བདེ་ཐང་འགྲེམས་ཚོགས་སྐབས་དགུ་པའི་ཐོག་བསྟན་པ་དང་། དེར་རིན་གོང་སྒོར་ཁྲི་ཆིག་སྟོང་ཟིན་གྱི་ཡོད་པས་གྲོང་མི་མི་ཉུང་བ་ཞིག་གིས་དོ་ཁུར་བྱས།
     ས་མཐོའི་སྨན་བཅོས་སྲོག་སྐྱོབ་རླངས་འཁོར་ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རིག་བཟོ་རྩལ་ཚོགས་པ་ཁང་གཉིས་པས་ཞིབ་འཇུག་བྱས་ནས་བཟོས་པ་ཞིག་ཡིན་པ་དང་། དེ་ས་བབ་མཐོ་ཚད་སྨི་6000ནས་སྨི་-3000གི་ས་བབ་མཐོ་བའི་ས་ཁུལ་དུ་རླངས་འཁོར་ནང་དུ་སྨི་3000མན་གྱི་ས་བབ་འབྲིང་དམའི་ཁོར་ཡུག་དང་དེ་བཞིན་མིའི་ལུས་པོའི་གནོན་ཤུགས་དང་གསོ་རླུང་འདུས་ཚད་དང་འཚམ་པའི་ཁོར་ཡུག་བསྐྲུན་ཏེ་ས་མཐོ་རུ་མི་འཕྲོད་པའི་ནད་སྔོན་འགོག་དང་ཞི་ལྷོད་དུ་བཏང་ནས་ས་མཐོའི་ས་ཁུལ་གྱི་ནད་པ་ཚབས་ཆེན་ཛ་དྲག་ཆེ་བའི་སྲོག་སྐྱོབ་དང་མྱུར་སྐྱེལ་ཐུབ་ཀྱི་ཡོད།