འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།རང་རྒྱལ་གྱིས་ཀྲུང་གོའི་མི་ཞུགས་བར་སྣང་ས་ཚིགས་ཀྱི་ཚད་གཞི་བསྐྲུན་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས། རྒྱལ་ཡོངས་མི་ཞུགས་མཁའ་སྐྱོད་ཚད་གཞི་ཅན་ལག་རྩལ་ཨུ་ལྷན་བཙུགས་པའི་ཚོགས་ཆེན་དང་མི་ཞུགས་མཁའ་སྐྱོད་འདུ་འགོད་ཚད་གཞི་ཅན་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པ་ལྟར་ན། རང་རྒྱལ་གྱིས་བར་སྣང་ས་ཚིགས་ཕྱོགས་ཡོངས་ནས་བསྐྲུན་མཚམས་སུ་བར་སྣང་ས་ཚིགས་ཀྱི་ཉེར་སྤྱོད་དང་ཞབས་ཞུར་དམིགས་པ་དང་། དེ་བཞིན་རང་བརྟེན་ཤེས་བྱའི་བདག་དབང་ཡོད་པའི“ཀྲུང་གོའི་མི་ཞུགས་བར་སྣང་ས་ཚིགས་ཀྱི་ཚད་གཞི”ཆ་ཚང་ཞིག་དུས་མཉམ་དུ་བསྐྲུན་རྒྱུ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། རང་རྒྱལ་གྱི་མི་ཞུགས་མཁའ་སྐྱོད་འདུ་འགོད་ཀྱིས་2020ལོར་སླེབས་སྐབས། ཚད་གཞི་ཉེར་སྤྱོད་ལ་དམིགས་པའི་བེད་སྤྱོད་ཧྲིལ་པོའི་དུས་འཁོར་གྱི་དོ་དམ་ལམ་སྲོལ་ཆགས་རྒྱུར་བརྩོན་ལེན་བྱས་ཏེ་མི་ཞུགས་འཕུར་གྲུ་དང་ཟོག་སྐྱེལ་འཕུར་གྲུའི་ཞིབ་བཟོ་ཐོན་སྐྱེད་ལ་ཚད་གཞི་ཆ་ཚང་གི་འདེགས་སྐྱོར་བྱ་རྒྱུ་མ་ཟད། མི་ཞུགས་མཁའ་སྐྱོད་ཚད་གཞིའི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས་མི་ཞུགས་མཁའ་སྐྱོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞིའི་སྒྲིག་བཟོ་ལས་དོན་ལ་ཚད་བརྒལ་ཡོང་བར་བྱ་རྒྱུ་རེད། བར་སྣང་ས་ཚིགས་ཁྱོན་ཡོངས་ནས་བསྐྲུན་མཚམས་སུ་བར་སྣང་ས་ཚིགས་ཀྱི་ཉེར་སྤྱོད་དང་ཞབས་ཞུར་དམིགས་པ་དང་། དེ་བཞིན་རང་བརྟེན་ཤེས་བྱའི་བདག་དབང་ཡོད་པའི“ཀྲུང་གོའི་མི་ཞུགས་བར་སྣང་ས་ཚིགས་ཀྱི་ཚད་གཞི”ཆ་ཚང་ཞིག་དུས་མཉམ་དུ་བསྐྲུན་རྒྱུ་རེད།