འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་16ཉིན།

༄༅།།ཚོང་ལས་པུའུ་ཡིས་ཨ་རི་དང་ཉི་ཧོང་ནས་ཐོན་པའི་ནང་འདྲེན་ཆིང་ཏན་སྐྱུར་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་ཀྱི་ཁྲིམས་བཅད་
མཐའ་མ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན། ཚོང་ལས་པུའུ་ཡིས་2018ལོའི་སྤྱི་བསྒྲགས་ཨང་80པ་སྤེལ་ཏེ། ཨ་རི་དང་ཉི་ཧོང་ནས་ཐོན་པའི་ནང་འདྲེན་ཆིང་ཏན་སྐྱུར་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་ཀྱི་ཁྲིམས་བཅད་མཐའ་མ་ཁྱབ་བསྒྲགས་བྱས། ཁྲིམས་བཅད་ནང་ཨ་རི་དང་དང་ཉི་ཧོང་ནས་ཐོན་པའི་ནང་འདྲེན་ཆིང་ཏན་སྐྱུར་ལ་ཕམ་ཚོང་རྒྱག་པའི་སྣང་ཚུལ་ཡོད་པ་དང་། དེས་རྒྱལ་ནང་གི་ཐོན་ལས་ལ་གནོད་པ་བཟོས་ཡོད་པ་མ་ཟད། ད་དུང་ཕམ་ཚོང་དང་དོན་དངོས་སུ་གནོད་སྐྱོན་ཐེབས་པའི་བར་དུ་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པས། 2018ལོའི་ཟླ་10ཚེས་16ནས་བཟུང་། གོང་དུ་བཤད་པའི་ཐོན་རྫས་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་དཔྱ་ཁྲལ་བསྡུ་རྒྱུ་ཡིན་པ་དང་། ཁྲལ་ཚད་ནི་41.1%—123.4%བར་ཡིན་ཞིང་། དུས་ཡུན་ལོ་5ལ་བསྡུ་རྒྱུ་བྱས་ཡོད།
     རྒྱལ་ནང་གི་ཆིང་ཏན་སྐྱུར་ཐོན་ལས་ཀྱི་རེ་ཞུ་དང་ལེན་བྱས་ཏེ། ཚོང་ལས་པུའུ་ཡིས་2017ལོའི་ཟླ་10ཚེས་16ཉིན་སྤྱི་བསྒྲགས་སྤེལ་དོན། ཨ་རི་དང་ཉི་ཧོང་ནས་ཐོན་པའི་ནང་འདྲེན་ཆིང་ཏན་སྐྱུར་ཕམ་ཚོང་ངོ་རྒོལ་ལ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱ་རྒྱུ་གཏན་འཁེལ་བྱས་ཡོད། གྱོད་ཐོ་བཀོད་རྗེས། ཚོང་ལས་པུའུ་ཡིས་ཀྲུང་གོའི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་འབྲེལ་ཡོད་སྒྲིག་ཁྲིམས་ལ་གཞིགས་ནས་བརྟག་དཔྱད་ནན་པོ་བཏང་ཞིང་། ཐོག་མའི་བརྟག་དཔྱད་རྨང་གཞིའི་ཐོག་2018ལོའི་ཟླ་6ཚེས་16ཉིན་གྱོད་གཞི་དེ་གཏན་འཁེལ་ཡིན་པའི་ཐོག་མའི་ཁྲིམས་བཅད་ཁྱབ་བསྒྲགས་བྱས་ཡོད། དེའི་རྗེས་སུ་གོམ་གང་མདུན་སྤོས་ཀྱིས་བརྟག་དཔྱད་བརྒྱུད་མཇུག་མཐའི་ཁྲིམས་བཅད་པ་རེད།