འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་16ཉིན།

༄༅།།བོད་ལྗོངས་དཔེ་མཛོད་ཁང་གིས་དཔེ་ཀློག་ཁྱབ་གདལ་གྱི་ཞབས་ཞུ་བོད་བྱང་ཐང་གི་རྩྭ་ཐང་དུ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། དམངས་ཡོངས་ཀྱི་དཔེ་ཀློག་དར་སྤེལ་གཏོང་བ་དང་བོད་ལྗོངས་ཀྱི་སྤྱི་པའི་གྲངས་འཛིན་རིག་གནས་འཛུགས་སྐྲུན་དང་ཉེར་སྤྱོད་གྲུབ་འབྲས་འགྲེམས་སྟོན་བྱ་ཆེད། ཉེ་ཆར། བོད་ལྗོངས་དཔེ་མཛོད་ཁང་དང་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་རིག་གནས་ཅུས། བོད་ལྗོངས་དཔེ་མཛོད་ཁང་བྱེ་ཐང་དགོན་ཡན་ལག་ཁང་བཅས་ཀྱིས་མཉམ་དུ་ནག་ཆུའི་རྒྱ་ཆེའི་འབྲོག་པར་ཁ་ཕྱོགས་ནས“ཨ་ཅག་གིས་སྒྲུང་གཏམ་བཤད་པ་འབྲོག་ཁྱིམ་དུ་བསྐྱོད”ཞེས་པ་དང“ཕུལ་བྱུང་གྲངས་འཛིན་རིག་གནས་དགོན་སྡེར་བསྐྱོད”ཞེས་པ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད།
           བོད་ལྗོངས་དཔེ་མཛོད་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས། ད་ཐེངས་འབྲོག་ཁུལ་གྱི་མང་ཚོགས་3000ལྷག་ཙམ་ལ་ཁ་ཕྱོགས་ནས་དཔེ་ཀློག་ཁྱབ་གདལ་གྱི་ཞབས་ཞུ་སྤེལ་ཡོད་ཅིང་། དམིགས་ཡུལ་ནི་འབྲོག་པ་མང་ཚོགས་ཀྱིས་དཔེ་ཀློག་བྱེད་པ་དང་། སྐད་འཕྲིན་སྤྱི་སྟེགས་ནས་གླིང་སྒྲུང་ཉན་པ་དང་ཕུལ་བྱུང་གི་གྲངས་འཛིན་རིག་གནས་ཐོན་ཁུངས་ལ་ལྟ་རྒྱུ། འབྲོག་ཁུལ་གྱི་བྱིས་པས“ཨ་ཅག་གིས་སྒྲུང་གཏམ་བཤད་པ”ཉན་རྗེས་ཆུང་དུས་ནས་དཔེ་དེབ་ཀློག་པའི་གོམས་གཤིས་འཇགས་རྒྱུར་བརྟེན་ནས“དཔེ་ཀློག་བོད་ལྗོངས”འཛུགས་སྐྲུན་བྱ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།