འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་16ཉིན།

༄༅།།རང་རྒྱལ་གྱིས་བྱང་སྐར་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་ཚོགས་ཆུང་དྲ་བའི་སྲུང་སྐར་གཉིས་འཕེན་གཏོང་བྱས་པ་ལེགས་
འགྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རང་རྒྱལ་གྱིས་བྱང་སྐར་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་ཚོགས་ཆུང་དྲ་བའི་སྲུང་སྐར་གཉིས་འཕེན་གཏོང་བྱས་པ་ལེགས་
འགྲུབ་བྱུང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན་གྱི་ཆུ་ཚོད་12དང་སྐར་མ་23ཐོག  རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་ཁ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་ནས་(རྒྱང་སྐྱོད་ཨང་དང་པོ་སྟེང་འཇོག་རིམ་པར་)"མེ་ཤུགས་འཕུར་མདའ་གཅིག་དང་སྲུང་སྐར་གཉིས"ཀྱི་ཐབས་ལམ་ནས་བྱང་སྐར་ཕྱོགས་སྟོན་སྲུང་སྐར་39པ་དང་40པ་གཉིས་འཕེན་བཏང་ལེགས་འགྲུབ་བྱུང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། སྲུང་སྐར་འདི་གཉིས་ནི་ཀྲུང་ཡོན་ས་གོ་ལའི་འཁོར་ལམ་སྲུང་སྐར་གྱི་ཁོངས་སུ་གཏོགས་ཤིང་། དེ་ནི་རང་རྒྱལ་གྱི་བྱང་སྐར་ཨང་གསུམ་པའི་མ་ལག་གི་སྲུང་སྐར་ཨང་15དང་16གཉིས་ཀྱི་ཚོགས་ཆུང་སྲུང་སྐར་རེད།