འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་16ཉིན།

༄༅།།ཀྲུང་ཨུའི་རྒྱལ་མཚམས་སྒྲོལ་བའི་ཆུ་བོའི་ཐོག་གི་ལྕགས་ལམ་ཟམ་ཆེན་དང་པོའི་ཀྲུང་གོ་ཕྱོགས་ཀྱི་ལས་གྲྭ་གཙོ་བོ་ལེགས་གྲུབ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་10ཚེས་13ཉིན་གྱི་སྔ་དྲོར། ཀྲུང་ཨུའི་ཐུང་ཅང་གཙང་པོ་ནས་ཞ་ལེ་ཉིང་སི་ཁོ་ཡེ་དབར་གྱི་ལྕགས་ལམ་ཟམ་ཆེན་གྱི་གྲུབ་ཆ་གལ་ཆེན——ཧེ་ལུང་ཅང་གཙང་པོའི་ཟམ་ཆེན་གྱི་ཀྲུང་གོ་ཕྱོགས་ཀྱི་ངར་ལྕགས་གདུང་མ་མཐའ་མ་སྒྲིག་སྦྱོར་བྱས་པ་དེའི་ཐོག་ནས་ཐུང་ཅང་གཙང་པོའི་ཀྲུང་ཨུའི་ལྕགས་ལམ་ཟམ་ཆེན་གྱི་ཀྲུང་གོ་ཕྱོགས་ཀྱི་དུམ་བུའི་ལས་གྲྭ་གཙོ་བོ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་མཚོན་ཡོད་པ་རེད།
     ཐུང་ཅང་གཙང་པོའི་ཀྲུང་ཨུའི་ལྕགས་ལམ་ཟམ་ཆེན་ནི་ཀྲུང་ཨུའི་རྒྱལ་མཚམས་སྒྲོལ་བའི་ཆུ་བོའི་ཐོག་གི་ལྕགས་ལམ་ཟམ་ཆེན་དང་པོ་དེ་ཡིན་ལ། ལོ་རེར་དངོས་ཟོག་ཏུན་ཁྲི་2100སྐྱེལ་འདྲེན་ཐུབ་རྒྱུ་ཡིན་པ་དང་། སྤྱིའི་རིང་ཚད་སྨི་7193.71ཟིན་པ་ལས་གཙང་པོ་བརྒལ་བའི་ཟམ་ཆེན་གྱི་རིང་ཚད་སྨི་2215.02དང་སྐམ་ཟམ་གྱི་རིང་ཚད་སྨི་4978.69ཟིན་པ་དང་། ཀྲུང་གོའི་མངའ་ཁོངས་སུ་སྨི་1886.45དང་ཨུ་རུ་སུའི་མངའ་ཁོངས་སུ་སྨི་328.57ཡོད་པ་རེད། 2014ལོའི་ཟླ་2ཚེས་26ཉིན་ཐུང་ཅང་གཙང་པོ་དང་ཞ་ལེ་ཉིང་སི་ཁོ་ཡེ་གཉིས་སུ་རྨང་འདིང་མཛད་སྒོ་སོ་སོར་འཚོགས་པ་རེད།