འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་16ཉིན།

༄༅།།“དེང་གི་མོང་གོལ་རྒྱལ་ཁབ”ཅེས་པའི་རྒྱལ་སྤྱིའི་པར་རིས་བརྩམས་ཆོས་འགྲེམས་སྟོན་ཨུ་ལན་དཔའ་ཐུལ་དུ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨུ་ལན་དཔའ་ཐུལ་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་14ཉིན“དེང་གི་མོང་གོལ་རྒྱལ་ཁབ”ཅེས་པའི་རྒྱལ་སྤྱིའི་པར་ལེན་ཡུལ་ལྗོངས་འཚོལ་བསྡུའི་བྱེད་སྒོའི་བརྩམས་ཆོས་འགྲེམས་སྟོན་ཨུ་ལན་དཔའ་ཐུལ་གྱི་མོང་གོལ་རྒྱལ་ཁབ་ཀྱི་མཛེས་རྩལ་ཁང་དུ་སྤེལ་བ་དེ་ཐོག་ནས་ད་ཐེངས་ཀྱི་དུས་ཡུན་གཟའ་འཁོར་གཅིག་གི་རྒྱལ་སྤྱིའི་པར་ལེན་ཡུལ་ལྗོངས་འཚོལ་བསྡུའི་བྱེད་སྒོ་མཇུག་འགྲིལ་བ་མཚོན་ཡོད།
     ད་ཐེངས་ཀྱི་བྱེད་སྒོ་ནི་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕྲིན་སྤེལ་ཁང་དང་། མོང་གོལ་རྒྱལ་ཁབ་ཀྱི་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱིས་མཉམ་དུ་གཉེར་ཞིང་། ཀྲུང་གོ་དང་། ཨུ་རུ་སུ། རི་པིན། མོང་གོལ་རྒྱལ་ཁབ་སོགས་རྒྱལ་ཁབ་4ཡི་གསར་འགྱུར་སྒྲིག་གཞིའི་ཆེད་ལས་པར་རྒྱག་མཁས་ཅན་15ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། འགྲེམས་སྟོན་ནང་ཁྱོན་བརྩམས་ཆོས་60ཡོད་པ་དང་དེའི་ནང་མོང་གོལ་རྒྱལ་ཁབ་ཀྱི་མཛེས་ལྗོངས་དང་གོམས་སྲོལ་དང་། སྲོལ་རྒྱུན་འབྲོག་ལས། དེང་རབས་བཟོ་ལས་སོགས་ཁྱབ་ཁོངས་ཀྱི་ནང་དོན་ཡོད་པ་རེད།